ཀོང་ཞི་རུ་རྙེད་པའི་ལོ་ངོ་ཉིས་སྟོང་ལྷག་ཡར་སྔོན་གྱི་ཧན་རྒྱལ་རབས་ཀྱི་བང་སོ་སླར་གསོ་ཁང་ལ་ལྟ་སྐོར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


         སྤྱི་ཟླ་10པའི་ཚེས་21ཉིན། ཁམ་བྷོ་དི་ཡའི་གཙོ་ཁྲིད་འཕྲིན་སྦྱོར་9ཡི་རྩོམ་སྒྲིག་པ་དང་གསར་འགོད་པ་12ཀྱིས་གྲུབ་པའི་ཁམ་བྷོ་དི་ཡ་གསར་འགོད་པ་ཀྲུང་གོར་སྐབས་སྡོད་བཅར་འདྲིའི་རྣམ་གྲངས་ཞེས་པའི་བཅར་འདྲི་ཚོགས་པ་ཀོང་ཞི་ཀུའེ་ཀང་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བཅར་འདྲི་བྱས་ཏེ། ད་བར་དུ་ལོ་ངོ་2000ལྷག་ཡོད་པའི་ཀུའེ་ཀང་ལོ་པོ་ཝན་གྱི་ཧན་རྒྱལ་རབས་ཀྱི་བང་སོའི་སླར་གསོ་ཁང་ཨང་རྟགས་དང་པོར་ལྟ་སྐོར་བྱས། 

          མཚམས་སྦྱོར་བྱས་པ་ལྟར་ན། 1976ལོར་ཀོང་ཞི་ཀུའེ་ཀང་གྲོང་ཁྱེར་དུ་རྙེད་པའི་ལོ་པོ་ཝན་གྱི་ཧན་རྒྱལ་རབས་ཀྱི་བང་སོའི་སླར་གསོ་ཁང་ཨང་རྟགས་དང་པོ་ནི་ཧན་ནུབ་མ་ཐོག་མའི་དུས་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་ཤིང་བཟོས་བང་སོ་ཆེ་ཤོས་ཤིག་ཡིན། དེ་ལས་རིག་རྫས་རྩ་ཆེན་100ལྷག་བུད་པ་དང་། རིག་དངོས་སྣ་མང་ཞིང་། རྒྱན་རིས་སྤུས་ལེགས་པ། དེ་མིན་ས་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པས་ཕུན་སུམ་ཚོགས་པའི་དུར་རྫས་དེ་དག་དངོས་མང་བཤམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།

           རྒྱུས་ལོན་བྱུང་བ་ལྟར་ན། ཐབས་ཆག་པའི་སླར་གསོ་ཁང་དང་། རུལ་དྲི་ཡིས་ཁྱབ་པའི་དུར་སྒམ། བང་སོ་དེ་དག་ལས་སླར་ཡང་1976ལོར་ལོ་པོ་ཝན་གྱི་ཧན་རྒྱལ་རབས་ཀྱི་བང་སོའི་སླར་གསོ་ཁང་ཨང་རྟགས་དང་པོ་བརྐོ་འདོན་བྱེད་པའི་སྣང་ཚུལ་དང་ལོ་ངོ་2000གི་ཡང་སྔོན་གྱི་ཀུའེ་ཀང་གི་དཔལ་འབྱོར་དང་རིག་གནས་ཀྱི་གཟི་འོད་ལ་ཉམས་སུ་མྱོང་ཐུབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1