རང་རྒྱལ་ལ་འཛམ་གླིང་ཤུལ་བཞག་གི་རྣམ་གྲངས་ཁྱོན་བསྡོམས་48ཡོད་པ་དང་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-25


    སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གོང་འཕེལ་གྱི་སྤྱི་བསྒྲགས།(1985-2015)》ལས་མངོན་པར་གཞིགས་ན། མིག་སྔའི་བར་རང་རྒྱལ་དུ་འཛམ་གླིང་ཤུལ་བཞག་རྣམ་གྲངས་48ཡོད་པ་དང་། སྤྱི་འབོར་དེ་འཛམ་གླིང་ཡོངས་ནས་ཨང་གཉིས་པ་ཡིན་ཞིང་། དབྱི་ཐ་ལིའི་རྗེས་སུ་ཡོད་ཅིང་མིང་དོན་དང་མཚུངས་པའི་འཛམ་གླིང་ཤུལ་བཞག་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་ཡོད།  
    འདི་ནི་སྤྱིའི་ཚེས་21ཉིན་ཡུན་ནན་ཁྲེང་ཅང་དུ་མཇུག་སྒྲིལ་པའི་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ལོ་འཁོར་30ལོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལོ་འཁོར་70ལོན་པར་དྲན་གསོ་ཞུ་བ་དང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པའི་ཆེད་དོན་ཞིབ་བསྡུར་ཚོགས་འདུའི་སྟེང་དུ་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ཡིན། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། སྤྱི་ལོ་2015ལོའི་ཟླ་བ་9པའི་བར་དུ། གོ་ལ་ཧྲིལ་པོར་རྒྱལ་ཁབ་191《འཛམ་གླིང་ཤུལ་བཞག་གི་སྤྱི་ཆིངས》ནང་དུ་ཞུགས་ཤིང་། རྣམ་གྲངས་1031《འཛམ་གླིང་ཤུལ་བཞག་གི་མིང་གཞུང་།》ནང་དུ་བཞག་ཡོད། དེའི་ནང་དུ་རིག་གནས་ཤུལ་བཞག་རྣམ་གྲངས་802དང་། རང་བྱུང་ཤུལ་བཞག་རྣམ་གྲངས་197  རིག་གནས་དང་རང་བྱུང་ཟུང་འབྲེལ་གྱི་ཤུལ་བཞག་རྣམ་གྲངས་32ཡོད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1