གནའ་རྫས་རྟོག་ཞིབ་རིག་པའི་མཁས་པས་ཡུལ་ཤུལ་དུ་བོད་ཁུལ་ནས་ཆེས་སྔ་བའི་བྲག་བརྐོས་སྐུ་འདྲ་རྙེད།

ལྗོན་སྨྱུག་གིས་བསྒྱུར། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-21


སློབ་དཔོན་ཆེན་མོ་ཝུན་ཡུས་ཁྲེང་གིས་ལེགས་པ་ལུང་པའི་བྲག་བརྐོས་སྐུ་འདྲ་ལ་རྟོག་ཞིབ་གནང་བཞིན་པ།
2011ལོའི་ཟླ6པའི་ཚེས3ཉིན་རང་རྒྱལ་གྱི་ནང་བསྟན་གནའ་རྫས་རྟོག་ཞིབ་རིག་ པའི་མཁས་པ་གྲགས་ཅན།  ཀྲུང་གོའི་ནང་བསྟན་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱི་རྒྱལ་ ཆེན་བཞི་ཞེས་འབོད་པའི་ཡ་གྱལ།  སློབ་དཔོན་ཆེན་མོ་ཝུན་ཡུས་ཁྲེང་གིས་མཚོ་སྔོན་ཞིང་ ན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལེགས་པ་ལུང་པར་རྟོག་ཞིབ་བྱེད་སྐབས་སུ་བྲག་བརྐོས་སྐུ་འདྲ་གཉིས་རྙེད་པ་དང་། ཁོ་བོས་བཤད་རྒྱུར་བྲག་བརྐོས་སྐུ་འདྲ་འདི་གཉིས་ཀྱི་ལོ་རབས་ནི་དར་རྒྱས་ཧ་ཅང་ཆེ་བའི་ཐང་རྒྱལ་རབས་ཀྱི་དུས་ཡིན་ཞིང་།  ཕལ་ཆེར་སྤྱི་ལོ་ དུས་རབས་8པའི་སྟོད་ཀྱི་(ཧ་ལམ་ཐང་ཞུན་ཙུང་དུས་ཀྱི་)བརྩམས་ཆོས་ཡིན་ཟེར།
ལེགས་པ་ལུང་པའི་དུས་རབས12པར་བཞེངས་པའི་མཆོད་རྟེན།
ད་ལོའི་ཟླ་5བའི་ཚེས་6ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ གདན་འདྲེན་ཞུས་པ་ལྟར། ཝུན་ཡུས་ཁྲེང་གིས་དཀར་མཛེས་ཁུལ་གྱི་རྫོང་ཁག་གི་ནང་བསྟན་གནའ་རྫས་དང་། སོག་པོའི་ལོ་རྒྱུས་ཀྱི་རྗེས་ཤུལ་བཅས་ལ་རྟོག་ཞིབ་གནང་།  དཀར་མཛེས་དང་ཡུལ་ཤུལ་གྱི་ནང་བསྟན་གནའ་ཤུལ་གཉིས་ཞིབ་བསྡུར་གྱི་ཚུལ་དུ་ཞིབ་འཇུག་བྱ་ཆེད། ཟླ་6པའི་ཚེས3ཉིན་ཝུན་ཡུས་ཁྲེང་གིས་ཉེན་ཁ་དང་དཀའ་ཚེགས་ལ་མ་འཛེམས་པར་འབྲི་ཆུའི་གྲོང་རོང་དུ་བསྐྱོད་རྒྱུ་ཐག་བཅད་ཅིང་། སྤྱི་ལེ་130ཡི་ལམ་ཐག་བརྒྱུད་ནས་ཆེད་དུ་ཡུལ་ཤུལ་ཁུལ་གྱི་ནང་བསྟན་གྱི་གནའ་ཤུལ་ལ་རྟོག་ཞིབ་གནང་བ་རེད།  
ལེགས་པ་ལུང་བར་ཡོད་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བྲག་བརྐོས་སྐུ་འདྲ།  
ལེགས་པ་ལུང་པའི་ལམ་སུམ་བསྣོལ་མདོའི་མངོན་གསལ་དོད་པོའི་གནས་སུ་རྡོ་ རྩིགས་ཀྱིས་གྲུབ་པའི་བཀའ་གདམས་ཇོ་སྟོན་གྱི་ལུགས་ལྟར་བཞེངས་པའི་མཆོད་རྟེན་ཞིག་ཡོད་ཅིང་། ཁོང་གིས་དེ་ནི་རྒྱལ་ཡོངས་སུ་མཐོང་དཀོན་པའི་བསྟན་པ་ཕྱི་དར་དུས་ཀྱི་མཆོད་རྟེན་ཞིག་ཡིན་ཞིང་།  ཕལ་ཆེར་དུས་རབས་12པའི་སྐབས་ཡིན་པས། མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་སྲུང་སྐྱོང་ལེགས་པོ་བྱས་ན་ལེགས་ཞེས་བརྗོད་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1