སྤྲོ་སྐྱིད་ཀྱིས་ཁེངས་པའི་ཆའང་རིགས་ཀྱི་དུས་ཆེན།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-13


  སྤྱི་ཟླ་11པའི་ཚེས་12ཉིན། 2015ལོའི་ལི་རྫོང་གི་མེ་ཏོག་ནཱ་ཅི་གླུ་ལེན་འགྲན་བསྡུར་དུས་ཆེན་གྱི་བྱེད་སྒོ་དེ་ཐོའོ་ཕིན་ཆའང་སྡེ་ནས་སྤེལ། གཟབ་མཆོར་གྱིས་བརྒྱན་པའི་ལི་རྫོང་གི་རྒྱ་ཆེའི་མང་ཚོགས་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་རྣམས་གནས་འདིར་འཛོམས་ཏེ་ཆའང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་འདི་ལ་རོལ། རྔ་ཆེན་གྱི་སྒྲ་དབྱངས་ཕྱོགས་བཞིར་མཆེད་པ་དང་བསྡོངས་ཏེ་ཆའང་རིགས་སྤུན་ཟླས་ལུས་ལ་མཆོར་ལྭ་སྤྲས་ཤིང་གོམ་པས་སྟངས་སྟབས་བསྒྱུར་ཏེ་ས་གནས་དེ་གའི་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་བྱེད་འགོ་བརྩམས། འདི་ལས་ཆའང་རིགས་སྤུན་ཟླས་མི་དང་རང་བྱུང་གི་འཆམ་མཐུན་ལ་སྨོན་ཞིང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་རིག་གནས་ཀྱི་བློ་སྤོབས་ཤིག་དང་། ཞིང་ལ་ལོ་ལེགས་བཟང་ཞིང་ཕྱུགས་ལ་འཕེལ་ཁ་དར་བ། ཆར་ཆུ་དུས་ལྟར་འབབ་པའི་སྨོན་འདུན་ཞིག་ཀྱང་མཚོན་ཡོད། 

  ཉིན་འདིར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དག་གིས་འཚོ་བཅུད་ཀྱིས་གཏམས་པའི་བཟའ་བཏུང་ལ་རོལ་ཞིང་ཁྱད་ཆོས་ཀྱིས་ཕྱུག་པའི་ས་གནས་རིག་གནས་ལ་མྱོང་བཞིན་ཆའང་རིགས་སྤུན་ཟླ་དག་དང་ལྷན་དུ་དུས་ཆེན་ལ་རོལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1