ཀྲུང་དབྱང་ཞིང་སྡེའི་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-28


  སྤྱི་ཟླ་12པའི་ཚེས་26ཉིན་བསྒྲགས་པའི་གསར་འགྱུར། ཀྲུང་དབྱང་ཞིང་སྡེའི་ལས་ཀའི་གྲོས་ཚོགས་སྤྱི་ཟླ་12པའི་ཚེས་24ཉིན་ནས་ཚེས་25ཉིན་བར་པེ་ཅིང་དུ་འཚོགས་ཤིང་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དེ་མིན་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཞིང་གསུམ་བྱ་བར་སྤྱི་བསྡོམས་དང་མིག་སྔའི་ཞིང་ལས་དང་ཞིང་སྡེའི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་2016དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་ཞིང་ལས་དང་ཞིང་སྡེའི་ལས་ཀར་ཇུས་གཞི་བཟོས།

  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་དེ་གྲོས་ཚོགས་ཀྱི་སྔོན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་བཅས་ཀྱིས་ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་འཚོགས་པ་དང་ཞིང་ལས་དང་ཞིང་སྡེའི་ལས་ཀ་བཟང་པོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

  ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། འདིས་ང་ཚོས་ཕྱོགས་ཡོངས་ཀྱི་ལས་ཀ་བཟང་བོར་བསྒྲུབ་པར་ནུས་པ་ཆེན་པོ་བཏོན། དེའི་མཚུངས་སུ་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་དཀའ་གནད་དང་འགྲན་རྩོད་མང་པོ་མཆིས་པས་དུས་དང་རྣམ་པ་ཀུན་ཏུ་ཞིང་གསུམ་ལས་ཀར་མཐོང་ཆེན་དང་དམ་འཛིན་བྱ་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ངེས་པར་དུ་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་ཀའི་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། གསར་གཏོད་དང་སྙོམས་སྒྲིག ལྗང་བསྒྱུར། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ་ཞིང་ལས་སྟོབས་ཤུགས་ཅན་དང་ཞིང་བར་ཁེ་བཟང་བསྐྲུན་པ། ཞིང་བ་ཕྱུག་འགྱུར་གྱི་ཤུགས་ཚད་ཇེ་མཐོར་གཏང་དགོས། ཞིང་སྡེའི་བཅོས་སྒྱུར་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་ཏེ་ཞིང་གསུམ་གནད་དོན་ཐག་གཅོད་པ་དང་གསར་གཏོད་སྒུལ་ཤུགས་ཇེ་ཆེར་གཏང་བ། འཕེལ་རྒྱས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་འབད་པ་ཆེན་པོའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་དང་དབུལ་སྒྲོལ་གསར་སྤེལ་བྱ་བ་ནན་ཏན་སྒོས་བསྒྲུབ་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་བཏང་སྟེ་ཞིང་ལས་དང་ཞིང་སྡེ་སྔར་ལས་འཕེལ་རྒྱས་སུ་གཏང་དགོས་ཞེས་བསྟན།

  ལི་ཁེ་ཆང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། ཞིང་གསུམ་ལས་ཀའི་ཐད་ལ་གྲུབ་འགྲུབ་ཆེན་པོ་ཐོབ་པ་དང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་འཛིན་ས་གཙོ་བོར་གྱུར་པ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་གསར་པ་བསལ་ཞིང་དེང་རབས་ཞིང་ལས་རྨང་གཞི་སྲ་བརྟན་དུ་གཏང་བ་དང་། ཞིང་ལས་སྒྲིག་གཞི་སྙོམས་སྒྲིག་དང་ལེགས་སྒྱུར་བྱས་ཏེ་གཉེར་ཚོང་རྣམ་པ་མང་པོར་སྣེ་ཁྲིད་བྱེད་པ་དང་ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏང་དགོས། དེ་མིན་ཞིང་ལས་ལ་གྲུབ་འགྲུབ་ཐོབ་བའི་རྗེས་ཀྱི་གནས་ཚུལ་གསར་པར་དབྱེ་ཞིབ་བྱེད་པར་དོ་སྣང་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཐབས་ལམ་འོས་མཐུན་སྤྱད་དེ་ཞིང་བས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏང་བའི་བརྩོན་སེམས་ལ་སྐུལ་འདེད་གཏང་དགོས། དེ་མིན་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཀྱི་གཙོ་གནད་དེ་ཞིང་གྲོང་དང་ཞིང་ལས་གནས་སྤོར་མི་གྲངས་དང་ལེན་ཅུང་མང་པའི་གྲོང་རྡལ་དུ་བཞག་སྟེ་རྣམ་པ་གསར་པའི་གྲོང་རྡལ་ཅན་དང་ཞིང་སྡེའི་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས་པར་མ་ཟད། ལམ་ལུགས་གསར་པར་སྐུལ་འདེད་དང་ལས་སྒོ་གསར་འབྱེད་ཀྱི་གསོན་ཤུགས་ལ་སྐུལ་སློང་། ཐོན་ལས་གསར་པ་གཉེར་བར་གསོ་སྐྱོང་བྱས་ཏེ་ཞིང་ལས་དང་ཞིང་གྲོང་གི་འཕེལ་རྒྱས་བར་སྟོང་དང་ཞིང་བའི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་རྒྱ་སྐྱེད་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1