རླུང་ཁམས་ཆེན་པོའི་བང་རིམ་གྱི་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



     རང་རེ་འཚོ་སྡོད་བྱེད་བཞིན་པའི་སའི་གོ་ལ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྲོག་ལྡན་གྱི་སྐར་མའི་གོ་ལ་གཅིག་པུ་དེ་རེད། 

 སའི་གོ་ལའི་མཐའ་སྐོར་དུ་མཁའ་རླུང་བང་རིམ་གྱིས་བཏུམས་ཡོད་པས་གནམ་རིག་མཁས་པས་དེ་ལ་རླུང་ཁམས་ཆེན་པོ་ཟེར། རླུང་ཁམས་ཆེན་པོའི་བང་རིམ་དེ་སྐབས་རེ་མཐུག་ཏུ་འགྲོ་བ་དང་སྐབས་རེ་སྲབ་ཏུ་འགྲོ་བཞིན་ཡོད། 
     བར་སྣང་ཁམས་ནས་རླུངས་ཁམས་ཆེན་པོས་བཏུམས་པའི་སའི་གོ་ལར་ལྟ་སྐབས་ཕ་ལམ་སྔོན་མོ་སྒོར་སྒོར་ཞིག་དང་མཚུངས། སའི་གོ་ལར་བཏུམས་པའི་རླུང་ཁམས་ཆེན་པོ་དེ་ནི་རང་བྱུང་ཁམས་ཀྱི་སྲོག་ཆགས་སྐྱེ་འཕེལ་དང་མིའི་རིགས་འཕེལ་རྒྱས་གཏོང་བར་འཚམ་ཤོས་ཀྱི་ཞིང་ཁམས་ཤིག་ཡིན། སའི་གོ་ལའི་རླུང་ཁམས་ཆེན་པོའི་ཕྱི་ རོལ་གྱི་སྐར་མའི་ནང་དྲོད་ཚད་འགྱུར་བའི་སྣང་ཚུལ་ནི་ཉིན་མོའི་དྲོད་ཚད་མཐོ་ཤོས་ཏུའུ་ཁྲི་བཅུ་ཕྲག་ཟིན་པ་དང་མཚན་མོའི་གྲང་ཚད་ཀླད་ཀོར་འོག་གི་ཏུའུ་བརྒྱ་ཕྲག་ལས་དམའ་བར་སླེབས་བཞིན་ཡོད། གནམ་གཤིས་དྲོད་ཚད་ཧ་ཅང་མཐོ་པོས་ཚེ་སྲོག་དང་དངོས་པོ་མཐའ་དག་ལ་གཏོར་བཤིག་གཏོང་བ་དང་། གྲང་ཚད་དམའ་པོས་ཀྱང་ཚེ་སྲོག་འཇོམས་པའི་ཉེན་ཁ་ཡོད་པ་རེད།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1