རྩ་ཁྲིམས་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་ཀྲུང་གོའི་མི་རིགས་སོ་སོས་ལོ་ངོ་དུ་མའི་རིང་ལ་འབད་རྩོན་བྱས་པའི་འབྲས་བུ་བཅའ་ཁྲིམས་ཀྱི་རྣམ་པས་ཐག་གཅོད་བྱས་ ཡོད་པར་མ་ཟད་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་འགན་ཁུར་གཏན་ཁེལ་བྱས་ཡོད་ལ། འདི་ནི་རྒྱལ་ཁབ་ཀྱི་རྩ་བའི་རྩ་ཁྲིམས་ཡིན་པས་ཆེས་མཐོ་བའི་ཁྲིམས་ཀྱི་ནུས་པ་ ལྡན།རྒྱལ་ཡོངས་མི་རིགས་སོ་སོ་དང་། རྒྱལ་ཡོངས་སྲིད་འཛིན་དང་དམག་དོན་སྟོབས་ ཤུགས་ཡོད་ཚད། ད་དུང་སྲིད་ཏང་དང་ཚོགས་སྤྱི་སོ་སོ། ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ ཁག་གི་བྱ་འགུལ་ཡོད་ཚད་ངེས་པར་དུ་རྩ་ཁྲིམས་གཞིར་བཟུང་ནས་བསྒྲུབ་དགོས་ལ། རྩ་ ཁྲིམས་ལ་བརྩི་སྲུང་དང་རྩ་ཁྲིམས་ལག་བསྟར་བྱེད་པར་ཁག་ཐག་གྱི་འོས་འགན་ཡོད།
      རང་རྒྱལ་གྱི་རྩ་ཁྲིམས་ནི་སྤྱི་ལོ་1954ལོར་ཐོག་མར་ཁྱབ་བསྒྲགས་བྱས་ཤིང་།རྗེས་སུ་སྤྱི་ ལོ་1975ལོའི་རྩ་ཁྲིམས་དང་སྤྱི་ལོ1978ལོའི་རྩ་ཁྲིམས། སྤྱི་ལོ་1982ལོའི་རྩ་ཁྲིམས་སོགས་ ཐེངས་བཞི་ལ་ཁྱབ་བསྒྲགས་བྱས། རང་རྒྱལ་གྱིས་ད་སྐབས་སྤྱོད་བཞིན་པའི་རྩ་ཁྲིམས་ནི་ 1982ལོའི་རྩ་ཁྲིམས་ཡིན། དེ་ཡང་(1988ལོའི་ཟླ་4བའི་ཚེས12ཉིན)དང་(1993ལོའི་ཟླ་ 3པའི་ཚེས29ཉིན)  (1999ལོའི་ཟླ་3པའི་ཚེས15ཉིན)   (2004ལོའི་ཟླ3པའི་ཚེས14ཉིན) སོགས་ཐེངས་བཞི་ལ་བཟོ་བཅོས་བྱས་མཐར་ལག་བསྟར་བྱས་པའི་རྩ་ཁྲིམས་དེ་ང་ཚོའི་དུས་དེབ་འདི་བརྒྱུད་དེ་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་བ་ལགས།  
         ལེའུ་དང་བོ།   སྤྱིའི་རྩ་འཛིན། 
         ལེའུ་གཉིས་པ།  སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན།
         ལེའུ་གསུམ་པ།  རྒྱལ་ཁབ་ཀྱི་སྒྲིག་གཞི།
         ( 1)  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
         (2)   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།
         (3)    རྒྱལ་སྲིད་སྤྱི་ཁྱབ་ཁང་། 
         (4)  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། 
         (5)  ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་།  
      (6) མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།
         (7)  མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།
         ལེའུ་བཞི་བ།   རྒྱལ་དར།  རྒྱལ་རྟགས།  རྒྱལ་ས།  

       ལེའུ་དང་བོ།  སྤྱིའི་རྩ་འཛིན།
      
 དོན་ཚན་དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ ལམ་ལུགས་ཡིན་པས། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏོར་བཤིག་གཏན་ནས་བཏང་མི་ཆོག
     
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན།མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ཡིན། མི་ དམངས་ཀྱིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཇི་ཡོད་ལྟར་ཐབས་ལམ་དང་བྱེད་ སྟངས་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དང་། དཔལ་འབྱོར་དང་རིག་གནས་ ཀྱི་བྱ་གཞག སྤྱི་ཚོགས་ཀྱི་ལས་དོན་བཅས་ལ་འཛིན་སྐྱོང་བྱ་རྒྱུ།
       
དོན་ཚན་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་ནས་དམངས་ གཙོ་གཅིག་སྡུད་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ ཚོགས་ཆེན་རིམ་པ་ཁག་ཚང་མ་དམངས་གཙོའི་ཐོག་ནས་འོས་འདེམས་བྱ་རྒྱུ་དང་།དེས་མི་དམངས་ལ་འགན་ཁུར་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།
རྒྱལ་ཁབ་ཀྱི་གཞུང་སྲིད་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་ བཅས་མི་དམངས་འཐུས་མིའི་ཆོགས་ཆེན་ཐོག་ནས་ཐོན་དགོས་པ་དང་།མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་དང་།མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་བྱ་དགོས།
ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ས་ཁུངས་ཀྱི་འགན་བབ་དབང་མཚམས་ གཅོད་དུས་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ས་གནས་ཀྱི་རང་འགུལ་དང་ཧུར་བརྩོན་བྱེད་སེམས་ལེགས་སྤེལ་གྱི་རྩ་དོན་ལ་བརྩི་སྲུང་བྱ་རྒྱུ།
   
དོན་ཚན་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་ཞིང་།རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་སྲུང་འགན་ལེན་རྒྱུ་དང་། མི་རིགས་བར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བྱེད་པའི་འབྲེལ་བ་སྲུང་ འཛིན་དང་གོང་དུ་སྤེལ་རྒྱུ།  མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་  རིགས་བཀག་བསྡོམས་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ ཁ་ཕྲལ་བའི་བྱ་སྤྱོད་བཀག་བསྡོམས་བྱ་རྒྱུ།རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་ གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་ཇེ་མགྱོགས་སུ་གོང་དུ་སྤེལ་རོགས་བྱ་རྒྱུ།                                གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་ བསྟར་ཏེ་རང་སྐྱོང་ལས་ཁུངས་བཙུགས་ཐོག་རང་སྐྱོང་གི་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཡིན། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་སྤེལ་གྱི་རང་དབང་ཡོད་པ་དང་། ཚང་ མར་རང་ཉིད་ཀྱིཡུལ་སྲོལ་གོམས་གཤིས་སྔར་མུར་འཛིན་པའམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།
དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བ་དང་དེའི་ཟིལ་ ཤུགས་སྲུང་སྐྱོང་བྱ་རྒྱུ།བཅའ་ཁྲིམས་དང་། གཞུང་སྲིད་ཁྲིམས་སྲོལ་དང་ས་གནས་ཀྱི་རང་བཟོས་ཁྲིམས་སྲོལ་དང་ བཅས་པ་མཐའ་དག་རྩ་ཁྲིམས་འདི་དང་འགལ་འཛོལ་བྱས་མི་ཆོགརྒྱལ་ཁབ་གཞུང་གི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག་དང་། སྲིད་ཏང་ ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁགཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་རིགས་ཇི་བྱུང་ངེས་པར་རྩད་ཞིབ་ཕུ་འདེད་བྱ་དགོས། རྩ་འཛུགས་གང་དང་སྐྱེ་བོ་སུ་ལ་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་སུ་མི་འཁོད་པའི་ དམིགས་བསལ་དབང་ཆ་ཡོད་མི་ཆོག
དོན་ཚན་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ ལུགས་ཀྱི་རྨང་གཞི་ནི་ཐོན་སྐྱེད་རྒྱུ་ཆས་སྤྱི་ལ་དབང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ ལུགས་ཏེ།དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ངལ་རྩོལ་པ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཡིན།  སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་བཤུ་གཞོག་ལམ་ལུགས་རྩ་མེད་བཏང་སྟེ་གང་ནུས་དེ་སྒྲུབ་དང་རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ།   
དོན་ཚན་བདུན་པ། རྒྱལ་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་དཔལ་འབྱོར་དང་།རྒྱལ་དམངས་དཔལ་འབྱོར་ནང་གི་གཙོ་ཁྲིད་སྟོབས་ཤུགས་ཡིན་པས།རྒྱལ་ཁབ་ཀྱིས་རྒྱལ་གཉེར་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་ཡོང་བར་སྲུང་འགན་འཁུར་རྒྱུ།
དོན་ཚན་བརྒྱད་པ། གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེ་དང་། ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་། ཐོན་སྐྱེད་ དང་། མཁོ་སྤྲོད། ཡིད་རྟོན། འཛད་སྤྱོད་སོགས་མཉམ་ལས་དཔལ་འབྱོར་གྱི་རྣམ་པ་གཞན་ དག་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་མང་ཚོགས་ཐུན་མོང་ལ་དབང་བའི་ དཔལ་འབྱོར་ཡིན། གྲོང་གསེབ་ཀྱི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་སུ་ཞུགས་པའི་ངལ་རྩོལ་པ་རྣམས་ལ་བཅའ་ཁྲིམས་སུ་འཁོད་གསལ་གཏན་འབེབས་ཀྱི་ཁྱབ་ཁོངས་ནང་དུ་རང་བཞག་ས་ཞིང་ དང་། རང་བཞག་རི། ཁྱིམ་གྱི་ཞོར་ལས་བཅས་གཉེར་དབང་དང་རང་བཞག་སྒོ་ཕྱུགས་གསོ་ དབང་ཡོད།གྲོང་ཁྱེར་དང་གྲོང་བརྡལ་གྱི་ལག་ཤེས་བཟོ་ལས་དང་། བཟོ་ལས། ཨར་ལས། སྐྱེལ་འདྲེན། ཚོང་ལས། ཞབས་འདེགས་སོགས་ལས་རིགས་ཀྱི་མཉམ་ལསདཔལ་འབྱོར་རྣམ་པ་སྣ་ཚོགས་ པ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་མང་ཚོགས་ཐུན་མོང་ལ་དབང་བའི་དཔལ་འབྱོར་ཡིན། རྒྱལ་ཁབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་རྣམས་ ཀྱི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་དང་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་བསྐུལ་དེད་དང་། མཛུབ་ཁྲིད། རོགས་རམ་བཅས་བྱ་རྒྱུ།
དོན་ཚན་དགུ་པ། གཏེར་ཁ་དང་། ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང་། ས་རྒོད། མཚོཁའི་གྲམ་ཐང་སོགས་རང་ བྱུང་གི་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་བ་སྟེ་དམངས་ཡོངས་ལ་དབང་བ་ཡིན།ཡིན་ནའང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐུན་མོང་ལ་དབང་བའི་ནགས་ཚལ་དང་།རི་བོ། རྩྭ་ཐང་། ས་རྒོད། མཚོ་ཁའི་གྲམ་ཐང་བཅས་དེའི་ཁོངས་སུ་མི་གཏོགས། རྒྱལ་ཁབ་ཀྱིས་རང་བྱུང་གི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པའི་འགན་སྲུང་དང་ སྲོག་ཆགས་དང་རྩི་ཤིང་རྩ་ཆེའི་རིགས་སྲུང་སྐྱོབ་བྱ་རྒྱུ། རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་གཡོ་ཐབས་གང་རུང་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་ཧམ་བཟུང་ངམ་གཏོར་བརླག་གཏོང་རིགས་མི་ཆོག
དོན་ཚན་བཅུ་པ། གྲོང་ཁྱེར་གྱི་ས་ཆ་རྣམས་རྒྱལ་ཁབ་གཞུང་གི་ཡིན། གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཆ་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ རྒྱལ་ཁབ་ལ་དབང་བྲོ་བ་རྣམས་ཕུད་པའི་དེ་བྱིངས་ཚང་མ་ཐུན་མོང་གི་ཡིན་ལ། ཁང་ས་ དང་། རང་བཞག་ས་ཞིང་།རང་བཞག་རི་རྣམས་ཀྱང་ཐུན་མོང་གི་ཡིན། རྒྱལ་ཁབ་ཀྱིས་སྤྱི་ཕན་གྱི་དགོས་མཁོར་བསྟུན་ནས་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ས་ཆ་ཕྱིར་ལེན་བཀོལ་སྤྱོད་བྱས་ཆོག
རྩ་འཛུགས་སམ་སྐྱེ་བོ་སུས་ཀྱང་ས་ཆ་ཧམ་བཟུང་དང་། ཉོ་ཚོང་། བོགས་གཏོང་བཅས་དང་ བྱེད་ཐབས་གཞན་དག་ལ་བརྟེན་ནས་ཁྲིམས་འགལ་གྱིས་ས་ཆ་གཞན་ལ་བཤུགས་མི་ཆོགས་ཆ་བེད་སྤྱོད་བྱེད་པའི་རྩ་འཛུགས་དང་སྐྱེ་བོ་ཚང་མས་ངེས་པར་དུ་ཚུལ་མཐུན་གྱིས་ས་ཆ་བེད་སྤྱོད་བྱ་དགོས།
དོན་ཚན་བཅུ་གཅིག་པ། བཅའ་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་ གྲོང་གསེབ་ཀྱི་ངལ་རྩོལ་པའི་ཁེར་རྐྱང་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་ དབང་བའི་དཔལ་འབྱོར་གྱི་རོགས་གསབ་ཡིན། རྒྱལ་ཁབ་ཀྱིས་ཁེར་རྐྱང་དཔལ་འབྱོར་གྱི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་གཞུང་སྲིད་དོ་དམ་བྱེད་པར་བརྟེན་ནས་ཁེར་རྐྱང་དཔལ་འབྱོར་ལ་ཁྲིད་
སྟོན་དང་། རོགས་རམ། ལྟ་སྐུལ་བཅས་བྱ་རྒྱུ།
   
དོན་ཚནབཅུ་གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་མཆོག་ཏུ་གྱུར་པར་གནོད་སྐྱོན་བཏང་མི་ཆོག
རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་སྲུང་སྐྱོབ་བྱ་རྒྱུ་དང་། རྩ་འཛུགས་གང་ དང་སྐྱེ་བོ་སུས་ཀྱང་བྱེད་ཐབས་གང་རུང་ལ་བརྟེན་ནས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་ངམ་གཏོར་བརླག་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།
 
དོན་ཚན་བཅུ་གཉིས།  སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་ལ་གང་འདོད་དུ་གནོད་འཚེ་གཏོང་མི་ཆོག
རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་རྩ་ འཛུགས་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་དང་ ཚོགས་སྤྱིའི་རྒྱུ་ནོར་བཙན་བཟུང་བྱེད་པར་བཀག་འགོག་བྱེད་དགོས། 
 
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཡོང་སྒོ་དང་།གསོག་འཇོགཁང་པ།ཁྲིམས་མཐུན་གྱི་རྒྱུ་ནོར་གཞན་དག་བཅས་ཀྱི་བདག་དབང་སྲུང་སྐྱོབ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྤྱི་དམངས་སྒེར་ལ་དབང་བའི་རྒྱུ་ནོར་གྱི་ཤུལ་འཛིན་བྱེད་དབང་སྲུང་སྐྱོབ་བྱ་རྒྱུ།
   
དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་བརྩོན་སེམས་ཆེར་སྐྱེད་དང་ལག་རྩལ་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་།སྔོན་ཐོན་གྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་རྒྱུ།དཔལ་འབྱོར་དོ་དམ་གྱི་སྒྲིག་སྲོལ་དང་ཁེ་ལས་བདག་གཉེར་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་འགན་འཁྲིའི་ལམ་ལུགས་རྣམ་པ་སྣ་ཚོགས་ལག་ལེན་བསྟར་རྒྱུ།  ངལ་རྩོལ་གྱི་རྩ་འཛུགས་ལེགས་སུ་འཆོས་རྒྱུ་བཅས་ལ་བརྟེན་ནས་ངལ་རྩོལ་ཐོན་སྐྱེད་ཀྱི་ ལས་ཕྱོད་དང་དཔལ་འབྱོར་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཐོག་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་རྒྱུ།
རྒྱལ་ཁབ་ཀྱིས་གྲོན་ཆུང་ནན་ཏན་བྱེད་རྒྱུ་དང་། ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ། 
རྒྱལ་ཁབ་ཀྱིས་གསོག་འཇོག་དང་འཛད་སྤྱོད་ཀྱི་བཀོད་སྒྲིག་ལུགས་མཐུན་བྱེད་ཅིང་། རྒྱལ་ ཁབ་དང་།ཐུན་མོང་།སྒེར་བཅས་ཀྱི་ཁེ་ཕན་ཚང་མར་ལྟ་རྟོག་བྱས་ཏེ་ཐོན་སྐྱེད་གོང་དུ་སྤེལ་བའི་རྨང་གཞིའི་ཐོག་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་རིག་གནས་ཀྱི་འཚོ་བ་རིམ་ གྱིས་ལེགས་སུ་འཆོས་རྒྱུ།  
 
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་ འཆར་ལྡན་དཔལ་འབྱོར་ལག་ལེན་བསྟར་རྒྱུ།རྒྱལ་ཁབ་ཀྱིས་དཔལ་འབྱོར་གྱི་འཆར་གཞིའི་ཕྱོགས་བསྡུས་དོ་མཉམ་བྱེད་ནུས་དང་།ཚོང་རའི་སྙོམས་སྒྲིག་གི་གཞོགས་འདེགས་བྱེད་ནུས་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་བསྡུར་ཚད་ལྟར་མཐུན་འགྱུར་གྱི་སྒོ་ནས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ།
རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་དཀྲུག་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཆར་གཞི་གཏོར་བརླག་བྱེད་རིགས་གཏན་ནས་མི་ཆོག
   
དོན་ཚན་བཅོ་ལྔ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་ལག་བསྟར་བྱེད་པ།  དཔལ་འབྱོར་ཁྲིམས་འཛུགས་ལ་ཤུགས་སྣོན་དང་ཆེ་ཕྱོགས་ཚོད་འཛིན་འཐུས་ཚང་དུ་ གཏོང་བ།  
  རྒྱལ་ཁབ་ཀྱིས་མི་སྒེར་དང་རྩ་འཛུགས་གང་རུང་གིས་སྤྱི་ཚོགས་རང་ལུགས་ཀྱི་དཔལ་འབྱོར་སྒྲིག་གཞི་ལ་གཏོར་བརླག་བྱེད་པར་ཁྲིམས་མཐུན་གྱིས་བཀག་འགོག་བྱེད་དགོས། 
   
དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ནས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་བརྩི་སྲུང་དང་རྒྱལ་ཁབ་ཀྱི་འཆར་གཞི་སྒོ་ཀུན་ནས་བསྒྲུབས་པའི་ཆ་རྐྱེན་གཞིར་བྱས་པའི་ཐོག་རྒྱལ་གཉེར་ཁེ་ལས་ལ་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་ཁྱབ་ཁོངས་སུ་བདག་གཉེར་དོ་དམ་བྱེད་པའི་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད།
རྒྱལ་གཉེར་ཁེ་ལས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བཟོ་པའི་འཐུས་མིའི་ཚོགས་ཆེན་འཚོག་པ་དང་རྣམ་པ་གཞན་གྱི་ཐོག་ནས་དམངས་གཙོའི་དོ་དམ་བྱ་རྒྱུ།
   
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱི་འཆར་གཞིའི་མཛུབ་ཁྲིད་དང་ལེན་དང་འབྲེལ་ཡོད་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་པའི་ཆ་རྐྱེན་གཞིར་བྱས་པའི་ཐོག་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ལ་རང་ཚུགས་ཀྱིས་དཔལ་འབྱོར་གྱི་བྱེད་སྒོ་སྤེལ་བར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད།
ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དམངས་ གཙོའི་དོ་དམ་བྱ་རྒྱུ་དང་།རང་ཁོངས་ངལ་རྩོལ་པ་ཡོངས་ཀྱིས་དོ་དམ་བྱེད་མཁན་གསར་ འདེམས་དང་གནས་དབྱུང་གཏོང་རྒྱུ་དང་།བདག་གཉེར་དོ་དམ་བྱེད་ཕྱོགས་གལ་ཆེ་རིགས་རྣམས་ཐག་གཅོད་རྒྱུ།
   
དོན་ཚན་བཅོ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་དང་། དཔལ་འབྱོར་གྱི་རྩ་ འཛུགས་གཞན་དག་གམ་སྐྱེ་བོ་རྣམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ཀྲུང་གོར་མ་རྩ་བཞག་ནས་ཀྲུང་གོའི་ཁེ་ལས་སམ་ ཡང་ན་དཔལ་འབྱོར་གྱི་རྩ་འཛུགས་གཞན་དག་དང་དཔལ་འབྱོར་མཉམ་ལས་རྣམ་པ་སྣ་ ཚོགས་བྱེད་དུ་འཇུག་རྒྱུ།
ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་དང་། ཕྱི་རྒྱལ་གྱི་དཔལ་འབྱོར་རྩ་ འཛུགས་གཞན་དགདེ་མིན་ཀྲུང་གོ་དང་ཕྱི་རྒྱལ་གཉིས་ནས་མ་རྩ་མཉམ་བཞག་གིས་བདག་གཉེར་བྱེད་བཞིན་པའི་ཁེ་ལས་བཅས་པ་ཚང་མས་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། དེ་དག་གི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་སྲུང་སྐྱོབ་བྱ་རྒྱུ།
   
དོན་ཚན་བཅུ་དགུ་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་ཏེ་རྒྱལ་ཡོངས་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཀྱི་ཤེས་ཚད་མཐོ་རུ་གཏོང་རྒྱུ།
རྒྱལ་ཁབ་ནས་སློབ་གྲྭ་སྣ་ཚོགས་འཛུགས་གཉེར་གྱི་དམའ་རིམ་འོས་འགན་སློབ་གསོ་ཁྱབ་ གདལ་དུ་གཏོང་རྒྱུ་དང་། འབྲིང་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་ གསོ་བཅས་ཡར་རྒྱས་སུ་གཏོང་རྒྱུར་མ་ཟད།སློབ་ལོ་མ་སོན་གོང་གི་སློབ་གསོའང་ཡར་རྒྱས་སུ་གཏོང་རྒྱུ།
རྒྱལ་ཁབ་ཀྱིས་སློབ་གསོའི་དགོས་ཆས་སྣ་ཚོགས་ཇེ་མང་དུ་གཏོང་རྒྱུ་དང་འབྲེལ་ཡིག་རྨོངས་སེལ་རྒྱུ་དང་།བཟོ་པ་དང་།ཞིང་པ།རྒྱལ་ཁབ་གཞུང་གི་ལས་བྱེད་པ།ངལ་རྩོལ་པ་གཞན་དག་བཅས་ལ་ཆབ་སྲིད་དང་། རིག་གནས། ཚན་རིག་ལག་རྩལ། ཆེ་གཉེར་བྱེད་སྒོ་བཅས་ཀྱི་སློབ་ གསོ་གཏོང་རྒྱུ་དང་། རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་འགྱུར་བར་བསྔགས་བསྐུལ་ བྱ་རྒྱུ།
རྒྱལ་ཁབ་ཀྱིས་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་།རྒྱལ་ཁབ་ཀྱི་ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་ཀྱི་གཏན་ འབེབས་ལྟར་སློབ་གསོའི་བྱ་གཞག་སྣ་ཚོགས་འཛུགས་གཉེར་བྱེད་པར་བསྔགས་བསྐུལ་བྱ་ རྒྱུ།
རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཁྱབ་སྤེལ་གཏོང་རྒྱུ།
   
དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ཀྱིས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་གོང་དུ་སྤེལ་རྒྱུ་ དང་།ཚན་རིག་དང་ལག་རྩལ་གྱི་ཤེས་ཡོན་ཁྱབ་གདལ་དུ་གཏོང་རྒྱུ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་ལག་རྩལ་གསར་གཏོད་བྱུང་རིགས་ལ་བྱ་དགའ་ སྤྲོད་རྒྱུ།
   
དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་རྒྱས་སུ་བཏང་སྟེ་དེང་རབས་ཀྱི་སྨན་ དཔྱད་དང་རང་རྒྱལ་གྱི་སྲོལ་རྒྱུན་སྨན་དཔྱད་གོང་དུ་སྤེལ་རྒྱུ་དང་།གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་དང་།རྒྱལ་ཁབ་ཀྱི་ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས།ཁྲོམ་ལམ་གྱི་རྩ་འཛུགས་བཅས་ནས་སྨན་བཅོས་འཕྲོད་བསྟེན་གྱི་དགོས་ཆ་སྣ་ཚོགས་འཛུགས་གཉེར་བྱེད་པར་བསྔགས་བསྐུལ་དང་རྒྱབ་སྐྱོར་བྱེད་པ་དང་འབྲེལ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་གཙང་སྦྲའི་བྱེད་སྒོ་སྤེལ་ནས་མི་དམངས་ཀྱི་ལུས་ཁམས་བདེ་ཐང་དུ་སྲུང་སྐྱོབ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ལུས་རྩལ་བྱ་གཞག་ཡར་རྒྱས་སུ་གཏོང་བ་དང་འབྲེལ་མང་ཚོགས་ཀྱི་རང་ བཞིན་ལྡན་པའི་ལུས་རྩལ་བྱེད་སྒོ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་
གཏོང་རྒྱུ།
   
དོན་ཚན་ཉེར་གཉིས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ རྩོམ་རིག་སྒྱུ་རྩལ་གྱི་བྱ་གཞག་དང་། གསར་འགྱུར་དང་ཀུན་ཁྱབ་རླུང་འཕྲིན་དང་བརྙན་ འཕྲིན་བཅས་ཀྱི་བྱ་གཞག་དཔེ་སྐྲུན་དང་འགྲེམས་སྤེལ་གྱི་བྱ་གཞག དཔེ་མཛོད་ཁང་དང་ དངོས་མང་བཤམས་སྟོན་ཁང་དང་རིག་གནས་ཁང་བཅས་དང་རིག་གནས་ཀྱི་བྱ་གཞག་ཅི་རིགས་རྣམས་རྒྱལ་ཁབ་ཀྱིས་ཡར་རྒྱས་སུ་གཏོང་རྒྱུ་དང་། དེ་འབྲེལ་མང་ཚོགས་ཀྱི་རང་ བཞིན་ལྡན་པའི་རིག་གནས་བྱེད་སྒོ་སྤེལ་རྒྱུ།
རྒྱལ་ཁབ་ཀྱིས་གནའ་ཤུལ་གནས་མཆོག་དང་།རིག་གནས་ཤུལ་དངོས་རྩ་ཆེན།ལོ་རྒྱུས་ཐོག་གི་རིག་གནས་ཤུལ་བཞག་གལ་ཆེན་ཅི་རིགས་ཚང་མ་སྲུང་སྐྱོབ་བྱ་རྒྱུ།
   
དོན་ཚན་ཉེར་གསུམ་པ། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་ཀྱི་ཡོན་ཏན་ཅན་སྣ་ཚོགས་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་ཏེ་ཤེས་ཡོན་ཅན་གྱི་དཔུང་སྡེ་ཇེ་ཆེར་གཏོང་རྒྱུ་དང་འབྲེལ་མཐུན་རྐྱེན་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་ནང་དུ་མི་དེ་ཚོའི་ནུས་པ་འདོན་སྤེལ་ལེགས་པར་བྱ་རྒྱུ།
   
དོན་ཚན་ཉེར་བཞི་པ། 
རྒྱལ་ཁབ་ཀྱིས་ཕུགས་འདུན་དང་།ཀུན་སྤྱོད་རིག་གནས།སྒྲིག་ཁྲིམས།ཁྲིམས་ལུགས་བཅས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོངས་འདྲ་མིན་ལ་ གཞིགས་ཏེ་མང་ཚོགས་ཀྱི་ཁྲོད་དུ་བསྲུང་བྱ་དང་སྤྱི་གན་སྣ་ཚོགས་བཞག་སྟེ་ལག་བསྟར་ བྱེད་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་ཤུགས་ཇེ་ཆེར་ གཏོང་རྒྱུ།
རྒྱལ་ཁབ་ཀྱིས་མེས་རྒྱལ་ལ་དགའ་བ་དང་། མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་སྤྱིའི་སྤྱོད་བཟང་དར་ སྤེལ་གཏོང་རྒྱུ་དང་།དེ་འབྲེལ་མི་དམངས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། རྒྱལ་སྤྱིའི་རིང་ལུགས། གུང་ཁྲན་རིང་ལུགས་བཅས་ཀྱི་སློབ་གསོ་གཏོང་རྒྱུ།  རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་སློབ་གསོ་བཏང་ ནས་མ་རྩའི་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་བསམ་བློ་རུལ་བ་ དང་། དེ་མིན་གྱི་བསམ་བློ་རུལ་བར་ངོ་རྒོལ་བྱ་རྒྱུ།

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་ཀྱིས་འཆར་ཡོད་བུ་བཙའི་བྱེད་སྲོལ་ཁྱབ་སྤེལ་བཏང་ནས་མི་འབོར་འཕར་བའི་ ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་མཐུན་ཐབས་བྱ་རྒྱུ།

དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་འཚོ་བ་བསྐྱལ་ཡུལ་དང་སྐྱེ་ལྡན་གྱི་ཡུལ་ཁམས་སྲུང་སྐྱོབ་དང་ལེགས་བཅོས་བྱས་ནས་སྦགས་བཙོག་དང་སྤྱི་གནོད་གཞན་དག་ཇི་བྱུང་འགོག་སེལ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ལྗོན་བཙུགས་ནགས་བཟོ་བྱ་བ་སྒྲིག་འཛུགས་དང་དེར་བསྔགས་བསྐུལ་བྱ་རྒྱུ་དང་། ཤིང་ནགས་དང་ལྗོན་ཤིང་སྲུང་སྐྱོབ་བྱ་རྒྱུ།
   
དོན་ཚན་ཉེར་བདུན་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་ཚང་མས་ཁུ་བསྡུའི་རྩ་དོན་ལག་བསྟར་དང་།ལས་དོན་འཁྲི་སྒྲུབ་ཀྱི་ལམ་སྲོལ་ལག་བསྟར། ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་དང་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལམ་སྲོལ་ལག་ བསྟར་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ལས་དོན་སྒྲུབ་སྤུས་ཇེ་བཟང་དང་ལས་ཕྱོད་ཇེ་ ཆེར་གཏོང་རྒྱུ་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ།
རྒྱལ་ཁབ་གཞུང་གི་ལས་ཁུངས་དང་རྒྱལ་ཁབ་གཞུང་གི་ལས་བྱེད་པ་ཚང་མས་ངེས་པར་དུ་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་ཤིང་། དུས་དང་རྣམ་ཀུན་ཏུ་མི་དམངས་དང་ འབྲེལ་འདྲིས་དམ་པོ་ཡོང་བ་དང་། མི་དམངས་ཀྱི་བསམ་འཆར་དང་བསམ་གྲོས་ཞིབ་ཉན། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུ་དགོས།
   
དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་ཕྱིར་རྒྱལ་ཁབ་ལ་ངོ་ལོག་དང་གསར་བརྗེར་རྒོལ་བའི་སྤྱོད་ངན་གཞན་སྤེལ་རིགས་ལ་དྲག་གནོན་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ གནོད་ཅིང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གཏོར་བརླག་གཏོང་བའི་ཉེས་སྤྱོད་དང་ཉེས་སྤྱོད་གཞན་དག་ལ་ཁྲིམས་གཅོད་བྱ་རྒྱུ། ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་དང་བསྒྱུར་བཀོད་བྱ་རྒྱུ།
   
དོན་ཚནཉེར་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་སྟོབས་ཤུགས་ནི་མི་དམངས་ཀྱི་ཡིན་ ཞིང་། དེའི་ལས་འགན་ནི་རྒྱལ་ཁབ་བརྟན་སྲུང་དང་། བཙན་འཛུལ་འགོག་རྒོལ། མེས་རྒྱལ་ སྲུང་སྐྱོབ། མི་དམངས་རྣམས་བདེ་ཐང་ངང་དུ་ངལ་རྩོལ་དུ་ཞུགས་ཐུབ་པའི་སྲུང་སྐྱོབ་བཅས་བྱ་རྒྱུ་ དང་།དེ་འབྲེལ་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཏུ་ཞུགས་རྒྱུ།འབད་བརྩོན་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཡིན།
རྒྱལ་ཁབ་ཀྱིས་དྲག་པོའི་སྟོབས་ཤུགས་གསར་བརྗེ་ཅན་དང་།དེང་རབས་ཅན།ཚད་ལྡན་ཅན་བཅས་སུ་འཛུགས་སྤེལ་བྱེད་ཤུགས་ཆེར་བསྐྱེད་ཀྱིས་རྒྱལ་སྲུང་གི་སྟོབས་ཤུགས་ཇེ་ཆེར་ གཏོང་རྒྱུ།
   
དོན་ཚན་སུམ་ཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁོངས་དབྱེ་སྟངས་གཤམ་གསལ།
     (གཅིག)  རྒྱལ་ཡོངས་སུ་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་
དབྱེ་རྒྱུ།
   (གཉིས) ཞིང་ཆེན་དང་རང་སྐྱོང་ལྗོངས་རྣམས་རང་སྐྱོང་ཁུལ་དང་།རྫོང་།རང་སྐྱོང་ རྫོང་། གྲོང་ཁྱེར་བཅས་སུ་དབྱེ་རྒྱུ།
   (གསུམ)རྫོང་དང་རང་སྐྱོང་རྫོང་རྣམས་ཞང་དང་།མི་རིགས་ཞང་།གྲོང་བརྡལ་བཅས་ སུ་དབྱེ་རྒྱུ།
   ཐད་སྐྱོང་གྲོང་ཁྱེར་དང་གྲོང་ཁྱེར་ཆེ་གྲས་རྣམས་ཆུས་དང་རྫོང་དུ་དབྱེ་རྒྱུ།
   རང་སྐྱོང་ཁུལ་རྣམས་རྫོང་དང་། རང་སྐྱོང་རྫོང་།གྲོང་ཁྱེར་བཅས་སུ་དབྱེ་རྒྱུ།
   རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ནི་མི་རིགས་རང་སྐྱོང་གི་ས་ གནས་ཡིན།
     
དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་སྐབས་བསྟུན་དགོས་གལ་གྱི་མཚམས་སུ་དམིགས་བསལ་གྱི་སྲིད་འཛིན་ས་ ཁུལ་འཛུགས་དགོས། དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་དུ་ལག་བསྟར་བྱ་རྒྱུའི་ལམ་ལུགས་ནི་གནས་ཚུལ་ དངོས་ལ་གཞིགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནས་བཅའ་ཁྲིམས་ཀྱི་ཐོག་གཏན་འབེབས་བྱ་རྒྱུ།
   
དོན་ཚན་སོ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་ བའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ། ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་བས་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས།
ཆབ་སྲིད་ཐད་ཀྱི་དགོས་དབང་གིས་ཉེན་གཡོལ་སྐྱབས་བཅོལ་གྱི་རེ་འདུན་ཞུ་བའི་ཕྱི་རྒྱལ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱས་འཐུས་ཀྱི་དབང་ཆ་སྤྲད་ཆོག
  
ལེའུ་གཉིས་པ།  སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན།
   
དོན་ཚན་སོ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་སྐྱེ་བོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་ འདྲ་མཉམ་ཡིན།
སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་ཁེ་དབང་ལོངས་ སུ་སྤྱོད་དབང་ཡོད་པར་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་འོས་ འགན་རྣམས་ཀྱང་ངེས་པར་དུ་བསྒྲུབ་དགོས།
   
དོན་ཚན་སོ་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རང་ལོ་བཅོ་བརྒྱད་ཧྲིལ་ཧྲིལ་ལོན་པ་ཚང་མར་མི་རིགས་དང་། རིགས་རྒྱུད། སྐྱེས་པ་དང་བུད་མེད། ལས་རིགས། སྐྱེ་ཁུངས། ཆོས་དད་བྱེད་མིན། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང་། སྡོད་ཡུན་རིང་ཐུང་བཅས་ཀྱི་ དབྱེ་འབྱེད་མེད་པར་ཚང་མར་འདེམས་བྱེད་དང་གདམ་བྱའི་དབང་ཆ་ཡོད། ཡིན་ནའང་ བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་རིགས་རྣམས་དེ་ཁོངས་སུ་མི་གཏོགས།
   
དོན་ཚན་སོ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་།དཔེ་སྐྲུན།འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།
   
དོན་ཚན་སོ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཇི་བྱེད་ཀྱི་ུ?:U????ང་དབང་ ཡོད།
རྒྱལ་ཁབ་གཞུང་གི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ་གང་རུང་དང་སྐྱེ་བོ་སུས་ཀྱང་ བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་ཆོས་དད་བྱེད་དུ་མི་འཇུག་པའི་རིགས་གང་ཡང་མི་ཆོག ཆོས་དད་ཡོད་པའི་སྤྱི་དམངས་དང་ཆོས་དད་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་ བྱས་མི་ཆོག
རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་ཚུལ་ལྡན་བྱེད་སྒོ་སྲུང་སྐྱོབ་བྱ་རྒྱུ། སྐྱེ་བོ་སུས་ཀྱང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་དང་། སྤྱི་ དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱེལ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་ འགལ་རྐྱེན་གཏོང་བའི་བྱ་ངན་བྱས་མི་ཆོག
ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐོག་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཀོད་ པར་ཉན་མི་དགོས།
     
དོན་ཚན་སོ་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་རང་ལུས་རང་དབང་ལ་གནོད་ འཚེ་བཏང་མི་ཆོག
མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པའམ་ཐག་བཅད་པ་དང་ཡང་ན་མི་ དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ཐོག་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ རིགས་མ་གཏོགས་སྤྱི་དམངས་སུ་ཞིག་ཀྱང་འཛིན་བཟུང་མི་ཆོག
ཁྲིམས་འགལ་གྱིས་བཀག་བསྐྱིལ་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་ སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་གམ་ཚོད་འཛིན་བྱེད་རིགས་བཀག་ བསྡོམས་དང་། ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་རིགས་བཀག་བསྡོམས་ བྱ་རྒྱུ།

དོན་ཚན་སོ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ངོ་སོ་དང་ལ་རྒྱར་བཙན་གནོད་ བྱས་མི་ཆོག བྱེད་ཐབས་གང་དང་གང་གི་ཐོག་ནས་སྤྱི་དམངས་ལ་བརྙས་བཅོས་དམའ་འབེབས་དང་། སྙོན་འཛུགས་སྙན་འབུལ་དང་མ་ཉེས་ཁག་གཡོགས་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།           

དོན་ཚན་སོ་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་སྡོད་ཁང་ལ་བཙན་གནོད་བྱས་མི་ཆོག ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་ཁང་ལ་བསྔོག་བཤེར་རམ་བཙན་འཛུལ་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།

དོན་ཚན་བཞི་བཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ཡིག་འགྲུལ་གྱི་རང་དབང་དང་ འཕྲིན་ཡིག་གི་གསང་དོན་རྣམས་བཅའ་ཁྲིམས་ལས་སྲུང་སྐྱོབ་བྱ་རྒྱུ།
རྒྱལ་ཁབ་ཀྱི་བདེ་དོན་སྲུང་བའམ་ཉེས་དོན་གྱི་བྱས་ཉེས་རྩད་གཅོད་བྱ་དགོས་པའི་དབང་གིས་སྤྱི་བདེ་ལས་ཁུངས་སམ་ཞིབ་དཔྱོད་ལས་ཁུངས་ནས་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་གོ་རིམ་ལྟར་འཕྲིན་ཡིག་ལ་ཞིབ་བཤེར་བྱེད་པ་ཕུད། དེ་མིན་རྩ་འཛུགས་གང་ ཞིག་དང་སྐྱེ་བོ་སུ་ཞིག་གིས་ཀྱང་རྒྱུ་མཚན་གང་རུང་ལ་ཁག་བཏགས་ནས་སྤྱི་དམངས་ཀྱི་ ཡིག་འགྲུལ་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་གནོད་པ་བསྐྱལ་རིགས་མི་ཆོག
   
དོན་ཚན་ཞེ་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཞུང་གི་ལས་ཁུངས་ གང་དང་རྒྱལ་ཁབ་གཞུང་གི་ལས་བྱེད་པ་སུ་ཞིག་ལ་ཡང་སྐྱོན་བརྗོད་བྱེད་དབང་དང་ བསམ་འཆར་འདོན་དབང་ཡོད་པ་དང་། རྒྱལ་ཁབ་གཞུང་གི་ལས་ཁུངས་གང་ཞིག་དང་ རྒྱལ་ཁབ་གཞུང་གི་ལས་བྱེད་པ་སུ་ཞིག་ལ་ཁྲིམས་འགལ་འགན་འཛོལ་གྱི་བྱ་སྤྱོད་བྱུང་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་དེ་སྐོར་སྙན་འབུལ་དང་ཞུ་གཏུག་བྱེད་དབང་ངམ་ཉེས་སྐྱོན་འདོན་དབང་ཡོད།ཡིན་ནའང་མ་ཡིན་ཡིན་བརྫུས་དང་འཁྱོག་བཤད་ཀྱིས་གཞན་ལ་སྙོན་འཛུགས་སྙན་འབུལ་དང་མ་ཉེས་ཁག་གཡོགས་བྱེད་རིགས་མི་ཆོག
སྤྱི་དམངས་ཀྱིས་སྙན་འབུལ་དང་ཞུ་གཏུག་བྱས་པའམ་ཡང་ན་ཉེས་སྐྱོན་བཏོན་རིགས་ རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་དོན་དངོས་ལ་ཞིབ་རྩད་ བཅད་ཐོག་ཐག་གཅོད་བྱེད་རྒྱུ་འགན་འཁུར་དགོས་པ་ལས་སུས་ཀྱང་མགོ་གནོན་དང་རྡུང་རྡེག་འཁོན་སློག་གི་རིགས་བྱས་མི་ཆོག  རྒྱལ་ཁབ་གཞུང་གི་ལས་ཁུངས་དང་རྒྱལ་ཁབ་གཞུང་གི་ལས་བྱེད་པས་སྤྱི་དམངས་ཀྱི་ཁེ་ དབང་ལ་བཙན་གནོད་བྱས་རྐྱེན་གྱིས་གྱོང་གུན་ཕོག་ཚེ་དེར་བཅའ་ཁྲིམས་ཀྱི་གཏན་ འབེབས་ལྟར་གུན་གསབ་ཐོབ་ལེན་གྱི་ཁེ་དབང་ཡོད།
  
དོན་ཚན་ཞེ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ངལ་རྩོལ་གྱི་ཁེ་དབང་དང་འོས་ འགན་ཡོད།
རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ངལ་རྩོལ་དང་ལས་ཞུགས་ཀྱི་མཐུན་ རྐྱེན་བསྐྲུན་རྒྱུ་དང་།ངལ་རྩོལ་གྱི་བདེ་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ངལ་རྩོལ་གྱི་ཆ་རྐྱེན་ལེགས་སུ་འཆོས་རྒྱུར་མ་ཟད།ཐོན་སྐྱེད་གོང་དུ་སྤེལ་བའི་རྨང་གཞིའི་ཐོག་ལས་ཕོགས་སྤར་ ཐབས་དང་ཕན་བདེའི་ལྟ་སྐྱོང་ཇེ་ལེགས་སུ་གཏོང་ཐབས་བྱ་རྒྱུ།
ངལ་རྩོལ་བྱེད་པ་ནི་ངལ་རྩོལ་བྱེད་ནུས་ཡོད་པའི་སྤྱི་དམངས་ཚང་མའི་འགན་འཁྲི་གཟི་ བརྗིད་དང་ལྡན་པ་ཡིན། རྒྱལ་གཉེར་ཁེ་ལས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ནང་གི་ངལ་རྩོལ་པ་ཚང་མས་རྒྱལ་ཁབ་ཀྱི་བདག་པོའི་སྤྱོད་ཚུལ་བཟུང་ཐོག་ངལ་རྩོལ་བྱ་ དགོས།    རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་འགྲན་བསྡུར་བྱ་རྒྱུ་དར་སྤེལ་དང་། ངལ་ རྩོལ་དཔེ་བཟང་དང་སྔོན་ཐོན་གྱི་ལས་བཟོ་པར་གཟེངས་བསྟོད་བྱ་རྒྱུ། རྒྱལ་ཁབ་ཀྱིས་སྤྱི་དམངས་རྣམས་ཀྱི་འོས་འགན་ངལ་རྩོལ་གྱི་བྱེད་སྲོལ་དར་སྤེལ་བྱ་རྒྱུ།
ལས་ཀར་མ་འཁོད་གོང་གི་སྤྱི་དམངས་ལ་རྒྱལ་ཁབ་ཀྱིས་ངལ་རྩོལ་དུ་ཞུགས་གྲུབ་ཀྱི་སྦྱོང་ བརྡར་དགོས་ངེས་བྱ་རྒྱུ།

དོན་ཚན་ཞེ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པ་ལ་ངལ་གསོ་བའི་ཁེ་དབང་ཡོད།
རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ངལ་གསོ་དང་ལུས་གསོའི་དགོས་ཆ་ཇེ་རྒྱས་སུ་གཏོང་རྒྱུ་དང་། ལས་བཟོ་པའི་ལས་ཀ་བྱེད་ཡུན་དང་དགུང་གསེང་ལམ་སྲོལ་གཏན་ལ་འབེབས་རྒྱུ།
   
དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱི་ ལས་བཟོ་པ་དང་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པར་ལས་འཁྱུར་ངལ་གསོའི་ ལམ་ལུགས་ལག་ལེན་བསྟར་རྒྱུ། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་འཚོ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་འགན་སྲུང་བྱ་རྒྱུ།
 
དོན་ཚན་ཞེ་ལྔ་པ། 
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལོ་ན་རྒས་པ་དང་། ནད་ཀྱིས་མནར་ བའམ་ངལ་རྩོལ་བྱེད་ནུས་ཤོར་བའི་རིགས་བྱུང་ཚེ་རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་རམ་ཐོབ་དབང་ཡོད། རྒྱལ་ཁབ་ནས་སྤྱི་དམངས་ཀྱིས་ཁེ་དབང་དེ་དག་ལོངས་སུ་སྤྱོད་པར་མཁོ་བའི་སྤྱི་ཚོགས་ཀྱི་ཉེན་འགོག་དང་། སྤྱི་ཚོགས་ཀྱི་རྒུད་སྐྱོབ། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་བྱ་གཞག་གོང་ དུ་སྤེལ་རྒྱུ།
རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་དམག་མི་དབང་པོ་སྐྱོན་ཅན་གྱི་འཚོ་བར་འགན་ལེན་དང་།སྐུ་གཤེགས་དཔའ་བོའི་ཁྱིམ་མིར་གུན་གསབ་དང་ལྟ་སྐྱོང་། དམག་མིའི་ཁྱིམ་མིར་དམིགས་ བསལ་ལྟ་སྐྱོང་བཅས་བྱ་རྒྱུ།
རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་སྤྱི་དམངས་ལོང་འོན་ལྐུགས་གསུམ་ཡིན་པ་དང་། དེ་མིན་ དབང་པོར་སྐྱོན་ཡོད་པའི་སྤྱི་དམངས་གཞན་རྣམས་ལ་ངལ་རྩོལ་དང་། འཚོ་བ། སློབ་གསོ་ བཅས་བཀོད་སྒྲིག་བྱེད་རོགས་བྱ་རྒྱུ།
   
དོན་ཚན་ཞེ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་ཐོབ་དབང་དང་སློབ་ སྦྱོང་བྱེད་པའི་འོས་འགན་ཡོད།
རྒྱལ་ཁབ་ཀྱིས་ན་གཞོན་དང་།ན་ཆུང་།བྱིས་པ་བཅས་ཀུན་སྤྱོད་དང་།ཤེས་རིག་གཟུགས་གཞི་བཅས་ཕྱོགས་གང་ཅི་ནས་ཡར་རྒྱས་ཡོང་བའི་གསོ་སྐྱོང་བྱ་རྒྱུ། 
   
དོན་ཚན་ཞེ་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཚན་རིག་ཞིབ་འཇུག་དང་། རྩོམ་རིག་སྒྱུ་རྩལ་གསར་རྩོམ།རིག་གནས་ཀྱི་བྱེད་སྒོ་གཞན་དག་བཅས་གང་བྱེད་རང་མོས་ཡིན། སློབ་གསོ་དང་། ཚན་རིག ལག་རྩལ། རྩོམ་རིག སྒྱུ་རྩལ་བཅས་དང་རིག་གནས་ཀྱི་བྱ་ གཞག་གཞན་དག་དོན་དུ་གཉེར་བའི་སྤྱི་དམངས་ཀྱིས་མི་དམངས་ལ་ཕན་ཐོགས་པའི་ གསར་སྐྲུན་བྱས་རིགས་ལ་རྒྱལ་ཁབ་ནས་བསྔགས་བསྐུལ་དང་རོགས་རམ་བྱ་རྒྱུ།
   
དོན་ཚན་ཞེ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་རྣམས་ཀྱིས་ཆབ་སྲིད་དང་། དཔལ་ འབྱོར།རིག་གནས། སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱི་འཚོ་བ་སོགས་གང་ཅིའི་ཐད་སྐྱེས་པ་དང་ འདྲ་བའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ།
རྒྱལ་ཁབ་ཀྱིས་བུད་མེད་ཀྱི་ཐོབ་དབང་དང་ཁེ་ཕན་སྲུང་སྐྱོབ་བྱས་ཏེ་སྐྱེས་པ་དང་བུད་མེད་ལས་དོན་འདྲ་མཚུངས་ལ་ཐོབ་ཆ་འདྲ་མཉམ་སྤྲོད་རྒྱུ་དང་།བུད་མེད་ལས་བྱེད་པ་གསོ་སྐྱོང་དང་དྲག་འདེམས་གནས་སྤར་བྱ་རྒྱུ།
   
དོན་ཚན་ཞེ་དགུ་པ། 
གཉེན་སྒྲིག་དང་། ཁྱིམ་ཚང་། ཨ་མ། བྱིས་པ་བཅས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱ་རྒྱུ། ཁྱོ་ཤུག་ གཉིས་ཀར་འཆར་ཡོད་བུ་བཙའ་བྱེད་པའི་འོས་འགན་ཡོད། ཕ་མ་ལ་ན་མ་སོན་པའི་རང་གི་བུ་ཕྲུག་གསོ་རྒྱུ་དང་དེར་སློབ་གསོ་གཏོང་བའི་འོས་འགན་ཡོད་པ་དང་། ན་སོ་སོན་པའི་བུ་ཕྲུག་ལ་ཕ་མར་ཞབས་ཏོག་དང་རོགས་སྐྱོར་ཞུ་བའི་འོས་ འགན་ཡོད།གཉེན་སྒྲིག་གི་རང་དབང་གཏོར་བཤིག་གཏོང་རིགས་དང་།རྒན་རྒོན་དང་བུད་མེད། བྱིས་པ་བཅས་ལ་བརྙས་བཅོས་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།
   
དོན་ཚན་ལྔ་བཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱིར་སྡོད་རང་མིའི་བབ་འོས་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དང་། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་ཚང་གི་ཁྲིམས་ མཐུན་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ།
   
དོན་ཚན་ང་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་ གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག
     
དོན་ཚན་ང་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་བར་གྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།
     
དོན་ཚན་ང་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་ བཅའ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། སྤྱིའི་རྒྱུ་ནོར་ལ་གཅེས་ སྤྲས། ངལ་རྩོལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་། སྤྱིའི་སྒྲིག་ལམ་ལ་བརྩི་སྲུང་། སྤྱི་ཚོགས་ཀྱི་སྤྱོད་ བཟང་ལ་བརྩི་འཇོག་བཅས་བྱ་དགོས།
     
དོན་ཚན་ང་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང་། གཟི་བརྗིད། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་ལས། མེས་རྒྱལ་གྱི་བདེ་འཇགས་དང་། གཟི་བརྗིད། མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་བྱ་ ངན་བྱས་མི་ཆོག
     
དོན་ཚན་ང་ལྔ་པ། 
མེས་རྒྱལ་སྲུང་སྐྱོབ་དང་།བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀུན་གྱི་ལས་འགན་མཆོག་ཏུ་གྱུར་པ་ཡིན།
བཅའ་ཁྲིམས་ལྟར་དམག་ཞབས་ཞུ་རྒྱུ་དང་ཡུལ་དམག་གི་རྩ་འཛུགས་སུ་ཞུགས་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འོས་འགན་གཟི་བརྗིད་དང་ལྡན་པ་ ཡིན།
     
དོན་ཚན་ང་དྲུག་པ། ཀྲུངཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་བཅའ་ཁྲིམས་ལྟར་ཁྲལ་འབབ་འཁྲི་སྒྲུབ་ཀྱི་འོས་འགན་ཡོད།        

ལེའུ་གསུམ་པ།     རྒྱལ་ཁབ་ཀྱི་སྒྲིག་གཞི།

ཚན་པ་དང་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
 
དོན་ཚན་ང་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན། དེའི་རྒྱུན་བཙུགས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ ལས་ཨུ་ཡོན་ལྷན་ཁང་ཡིན།
   
དོན་ཚན་ང་བརྒྱད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་ འཛིན་རྒྱུ།
   
དོན་ཚན་ང་དགུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ཞིང་ཆེན་དང་།རང་སྐྱོང་ལྗོངས། ཐད་ སྐྱོང་གྲོང་ཁྱེར།དམག་དཔུང་བཅས་ནས་བདམས་པའི་འཐུས་མི་ལས་ཚུགས་རྒྱུ།གྲངས་ཉུང་མི་རིགས་ཁག་ཚང་མར་འཐུས་མིའི་ཁ་གྲངས་འོས་འཚམ་རེ་དགོས་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་པའི་གཙོ་ འགན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ འཁུར་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁ་གྲངས་དང་འཐུས་མི་ འབྱུང་ཐབས་རྣམས་བཅའ་ཁྲིམས་ལས་གཏན་འབེབས་བྱ་རྒྱུ།
   
དོན་ཚན་དྲུག་ཅུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན།   རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་མ་རྫོགས་གོང་གི་ཟླ་བ་གཉིས་ཀྱི་སྔོན་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་
ལྷན་ཁང་གིས་ངེས་པར་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མའི་འཐུས་མི་བདམས་ཟིན་པ་དགོས། གལ་ཏེ་འདེམས་བསྐོ་བྱེད་མི་ཐུབ་པའི་དམིགས་བསལ་ གནས་ཚུལ་བྱུང་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ ལྷན་ཁང་གི་ཁོངས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་འཆམ་རྗེས་འདེམས་ བསྐོ་དུས་འགྱངས་བྱས་ཐོག སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ འགན་འཛིན་ཡུན་ཚད་བསྲིངས་ཆོག དམིགས་བསལ་གྱི་གནས་ཚུལ་མཇུག་འགྲིལ་རྗེས་ཀྱི་ལོ་གཅིག་ནང་ཚུན་ངེས་པར་དུ་རྒྱལ་ ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མའི་འཐུས་མི་བདམས་ཟིན་པ་ དགོས།
   
དོན་ཚན་རེ་གཅིག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ལོ་རེར་ཐེངས་རེ་འཚོག་རྒྱུ་དང་། དེ་ཡང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ གིས་བསྡུ་འཚོག་བྱ་རྒྱུ།གལ་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཚོག་དགོས་འདུག་སྙམ་པའམ། ཡང་ན་རྒྱལ་ཡོངས་མི་དམངས་ འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་རྩ་འབོར་གྱི་ལྔ་ཆ་གཅིག་ཡན་གྱིས་གྲོས་འཆར་ བཏོན་ཚེ།སྐབས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་བསྡུ་འཚོག་བྱས་ཆོག
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་འཚོག་པའི་སྐབས་སུ་ཀྲུའུ་ཞི་ཆོགས་པ་བདམས་ནས་གྲོས་ཚོགས་ཀྱི་གཙོ་སྐྱོང་བྱ་རྒྱུ།
   
དོན་ཚན་རེ་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཤམ་གསལ་གྱི་འགན་བབ་དབང་ འཛིན་རྒྱུ།
   (གཅིག) རྩ་ཁྲིམས་བཟོ་བཅོས་བྱ་རྒྱུ་དང་།
   (གཉིས) རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།
(གསུམ)ཉེས་དོན་དང་།དམངས་དོན།རྒྱལ་ཁབ་གཞུང་གི་ལས་ཁུངས་བཅས་པའི་སྐོར་ གྱི་བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞན་དག་གཏན་འབེབས་དང་བཟོ་བཅོས་ བྱ་རྒྱུ།
   (བཞི)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འདེམས་ བསྐོ་བྱ་རྒྱུ།
  (ལྔ)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་འོས་ཐོ་བཏོན་པར་གཞིགས་ ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་གཏན་ཁེལ་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འོས་ཐོ་བཏོན་པར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་སྲིད་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་ གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེ་མོ་བཅས་ཀྱི་འོས་མི་གཏན་ཁེལ་བྱ་རྒྱུ།
   (དྲུག)ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱ་རྒྱུ་དང་།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འོས་ཐོ་བཏོན་པར་གཞིགས་ནས་ ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ཁེལ་བྱ་རྒྱུ།
    (བདུན) ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་འདེམས་བསྐོ་བྱ་རྒྱུ།
      (བརྒྱད)ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་འདེམས་
བསྐོ་བྱ་རྒྱུ།
    (དགུ)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་།
དེ་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་གྱིས་ཆོག་མཆན་འགོད་རྒྱུ།
  (བཅུ)རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ་ལ་ ཞིབ་བཤེར་གྱིས་ཆོག་མཆན་འགོད་རྒྱུ།
 (བཅུ་གཅིག)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ ཁང་གི་ཆོད་དོན་དོན་དང་མི་འབྲེལ་བ་དག་བསྒྱུར་བའམ་ཕྱིར་འཐེན་བྱ་རྒྱུ།
   (བཅུ་གཉིས)ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་བཙུགས་ འཐུས་ཀྱི་ཆོག་མཆན་འགོད་རྒྱུ།
    (བཅུ་གསུམ)དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་འཛུགས་རྒྱུ་དང་དེའི་ལམ་ལུགས་ གཏན་འབེབས་བྱ་རྒྱུ།
   (བཅུ་བཞི) དམག་འཁྲུག་དང་ཞི་བདེའི་དོན་དག་ཐག་གཅོད་རྒྱུ།
   (བཅོ་ལྔ)རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱིས་འཛིན་འོས་པའི་འགན་ བབ་དབང་ཆ་གཞན་དག་འཛིན་རྒྱུ་བཅས་ཡིན།
      
དོན་ཚན་རེ་གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གཤམ་གསལ་གོ་གནས་གནས་དབྱུང་ གཏོང་བའི་དབང་ཆ་ཡོད།
    (གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་  
དང་།
    (གཉིས)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་།ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེ་མོ།
   (གསུམ)ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག
    (བཞི) ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།
    (ལྔ)ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་ཡིན།
   
དོན་ཚན་རེ་བཞི་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་རྩ་འབོར་གྱི་ལྔ་ཆ་གཅིག་ ཡན་གྱིས་གྲོས་འཆར་བཏོན་ཅིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་འཆམས་ན་རྩ་ཁྲིམས་བཟོ་བཅོས་ བྱས་ཆོག
བཅའ་ཁྲིམས་དང་གྲོས་གཞི་གཞན་དག་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་རྩ་འབོར་གྱི་ཕྱེད་ཀ་ཡན་གྱིས་གྲོས་འཆམ་དགོས་རྒྱུ།
   
དོན་ཚན་རེ་ལྔ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ནི་གཤམ་གསལ་ མི་རྣམས་ལས་འཛུགས་རྒྱུ།ཨུ་ཡོན་ཀྲང་དང་།ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། དྲུང་ཡིག་ཆེ་མོ། ཨུ་ཡོན་དུ་མ་བཅས་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ ཡོན་ལྷན་ཁང་གི་ཁོངས་མིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་ཁ་གྲངས་འོས་ འཚམ་ཞིག་དགོས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱ་དགོས་པར་མ་ཟད། དེ་དག་གནས་དབྱུང་བཏང་ཡང་ཆོག
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་ མིས་རྒྱལ་ཁབ་ཀྱི་གཞུང་སྲིད་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས་ཞིབ་དཔྱོད་ལས་ ཁུངས་བཅས་ཀྱི་འགན་འཛིན་བྱ་མི་ཆོག
   
དོན་ཚན་རེ་དྲུག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་རེ་ རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་ རེའི་འགན་འཛིན་ཡུན་ཚད་དང་མཚུངས་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་སྐབས་རྗེས་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསར་དུ་འདེམས་བསྐོ་མ་བྱས་ པའི་བར་འགན་བབ་དབང་ཆ་འཛིན་རྒྱུ།
ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པའི་འགན་འཛིན་བསྟུད་མར་བྱེད་ཡུན་སྐབས་ གཉིས་ལས་བརྒལ་མི་ཆོག
   
དོན་ཚན་རེ་བདུན་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགན་བབ་དབང་ཆ་འཛིན་རྒྱུ།
       (གཅིག)རྩ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུ་དང་།རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་ ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་།
  (གཉིས)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་བཟོ་འགོད་ བྱ་དགོས་རིགས་ཀྱི་ཁོངས་སུ་མ་གཏོགས་པའི་བཅའ་ཁྲིམས་གཞན་དག་གཏན་འབེབས་ དང་བཟོ་བཅོས་བྱ་རྒྱུ།
   (གསུམ)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་ རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་དེ་སྔོན་བཟོ་འགོད་བྱས་པའི་ བཅའ་ཁྲིམས་ལ་དགོས་ངེས་སྐབས་སུ་ཁག་སྣོན་དང་བཟོ་བཅོས་ཆ་ཤས་རྒྱག་རྒྱུ།ཡིན་ནའང་བཅའ་ཁྲིམས་དེའི་རྩ་དོན་དང་འགལ་རིགས་མི་ཆོག
   (བཞི) བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུ།
   (ལྔ)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ ལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་རྒྱལ་ཁབ་ ཀྱི་སྔོན་རྩིས་ལག་ལེན་བསྟར་སྐབས་དགོས་ངེས་ཀྱི་ལེགས་སྒྲིག་ཁ་ཤས་བྱ་རྒྱུའི་ཇུས་གཞིར་ ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།
   (དྲུག) རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྒྲུབ་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།
   (བདུན)རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་ གཞུང་སྲིད་ཁྲིམས་སྲོལ་དང་།ཆོད་དོན།བཀའ་རྒྱ་བཅས་གཏན་འབེབས་བྱས་རིགས་རྣམས་ཕྱིར་འཐེན་བྱ་རྒྱུ།
   (བརྒྱད)ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་དབང་འཛིན་ ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་དང་གཞུང་སྲིད་ཁྲིམས་སྲོལ་བཅས་ལས་ འགལ་བའི་ས་གནས་རང་བཟོས་ཀྱི་ཁྲིམས་སྲོལ་དང་གྲོས་ཆོད་གཏན་འབེབས་བྱས་རིགས་རྣམས་ཕྱིར་འཐེན་བྱ་རྒྱུ།
   (དགུ)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་ རིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འོས་ཐོ་བཏོན་པར་གཞིགས་ནས་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེ་མོ་བཅས་ཀྱི་འོས་མི་ གཏན་ཁེལབྱ་རྒྱུ།
   (བཅུ)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་ རིང་ལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འོས་ཐོ་བཏོན་པར་གཞིགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོནལྷན་ཁང་གི་ཁོངས་མི་གཞན་པའི་འོས་མི་གཏན་ཁེལ་ བྱ་རྒྱུ།
  (བཅུ་གཅིག)ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱིས་སྙན་འབུལ་ཞུས་ པར་གཞིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང་། འདྲི་ གཅོད་པ།འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་དོན་ཁྲིམས་ཁང་གི་འགོ་འཛིན་ བཅས་བསྐོ་འཐེན་བྱ་རྒྱུ།
  (བཅུ་གཉིས)ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱིས་ སྙན་འབུལ་ཞུས་པར་གཞིགས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པ་དང་།ཞིབ་དཔྱོད་པ།ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།དམག་ དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་བསྐོ་འཐེན་བྱ་རྒྱུར་མ་ཟད།ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་ དཔྱོད་འགོ་འཛིན་བསྐོ་འཐེན་བྱེད་པར་ཆོག་མཆན་འགོད་རྒྱུ།
   (བཅུ་གསུམ)དབང་ཆ་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་བསྐོ་འཐེན་བྱེད་ཐག་ གཅོད་རྒྱུ།                 
   (བཅུ་བཞི)ཕྱི་རྒྱལ་དང་ཆིངས་ཡིག་དང་གྲོས་མཐུན་གལ་ཆེན་བཞག་རིགས་ལ་ཆོག་ མཆན་འགོད་མིན་དང་རྩིས་འགྲོ་གཏོང་མིན་གྱི་ཐག་གཅོད་རྒྱུ།
  (བཅོ་ལྔ)དམག་མི་དང་ཕྱི་འབྲེལ་བྱེད་པོ་རྣམས་ཀྱི་གོ་རྟགས་རིམ་པའི་ལམ་སྲོལ་དང་། ཆེད་དམིགས་གོ་རྟགས་རིམ་པའི་ལམ་སྲོལ་གཞན་དག་གཏན་འབེབས་བྱ་རྒྱུ།
  (བཅུ་དྲུག)རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གཏན་ འབེབས་དང་དེ་དག་སྤྲོད་མིན་གྱི་ཐག་གཅོད་རྒྱུ།
  (བཅུ་བདུན) དམིགས་བསལ་བཙོན་གྲོལ་བྱེད་ཐག་གཅོད་རྒྱུ།
  (བཅོ་བརྒྱད)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་ པའི་རིང་ལ་གལ་ཏེ་རྒྱལ་ཁབ་ལ་དྲག་པོའི་བཙན་འཛུལ་བྱུང་བའམ། ཡང་ན་རྒྱལ་ཁབ་ གཞན་དང་བཙན་འཛུལ་མཉམ་འགོག་གི་ཆིངས་ཡིག་བཞག་རིགས་ལག་ལེན་མི་བསྟར་ཐུ་མེད་བྱུང་ཚེ་དམག་འཁྲུག་གི་གནས་སུ་འཁོད་རྒྱུའི་ཁྱབ་བསྒྲགས་བྱེད་ཐག་གཅོད་རྒྱུ།
  (བཅུ་དགུ)རྒྱལ་ཡོངས་ཧྲིལ་པོར་སྡེབ་ལངས་སམ་ཡང་ན་ཆ་ཤས་སྡེབ་ལངས་བྱ་དགོས་ པའི་ཐག་གཅོད་རྒྱུ།
  (ཉི་ཤུ)རྒྱལ་ཡོངས་སམ།ཡང་ན་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་རེ་ འགར་དམ་བསྒྲགས་བྱེད་ཐག་གཅོད་རྒྱུ།
  (ཉེར་གཅིག)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གནང་བའི་འགན་ བབ་དབང་ཆ་གཞན་དག་འཛིན་རྒྱུ།
     
དོན་ཚན་རེ་བརྒྱད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ ཀྲང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་གནང་རྒྱུ་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་སྐོང་བྱ་རྒྱུ། ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེ་མོས་ཨུ་ཡོན་ཀྲང་གི་ཕྱག་ལས་ལ་རོགས་འདེགས་ ཞུ་དགོས་རྒྱུ།
ཨུ་ཡོན་ཀྲང་དང། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེ་མོ་བཅས་ཀྱི་ཨུ་ཡོན་ཀྲང་གི་གྲོས་ ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ ལྷན་ཁང་གི་ནམ་རྒྱུན་གྱི་ལས་དོན་གལ་ཆེ་རིགས་དག་ཐག་གཅོད་རྒྱུ།
     
དོན་ཚན་རེ་དགུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་ཐོག་ལས་དོན་སྙན་སེང་ཞུ་རྒྱུ།
      
དོན་ཚན་བདུན་ཅུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་དང་།བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་།ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་།སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་གྱི་ཨུ་ཡོན་ལྷན་ཁང་།ཕྱི་དོན་ཨུ་ཡོན་ལྷན་ཁང་།ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་བཅས་དང་འཛུགས་དགོས་ངེས་ཀྱི་ཆེད་དམིགས་ཨུ་ཡོན་ལྷན་ཁང་གཞན་ དག་འཛུགས་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ལ་ཆེད་ དམིགས་ཨུ་ཡོན་ལྷན་ཁང་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་ཞུ་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཆེད་དམིགས་ཨུ་ཡོན་ལྷན་ཁང་ཁག་གིས་འབྲེལ་ཡོད་ཀྱི་གྲོས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱ་རྒྱུ?/U????་དང་གྲོས་གཞིའི་མ་ ཟིན་འགོད་རྒྱུ།                                         
            
དོན་ཚན་དོན་གཅིག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བསྟུན་དགོས་གལ་མཚམས་སུ་ཆེད་ དམིགས་དོན་དག་སྐོར་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ཆོག་པ་མ་ཟད།བརྟག་ དཔྱད་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གཞིར་བཟུང་སྟེ་དེ་དོན་དང་མཚུངས་པའི་གྲོས་ཐག་ ཀྱང་གཅོད་རྒྱུ།
       བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་སྐབས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ གཞུང་གི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ།སྤྱི་དམངས་བཅས་ཚང་མས་དེར་དགོས་ ངེས་ཀྱི་དཔྱད་གཞི་འདོན་སྤྲོད་བྱེད་པའི་འོས་འགན་འཁུར་དགོས་རྒྱུ།
      
དོན་ཚན་དོན་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་མི་དམངས་ འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་གོ་རིམ་ལྟར་ཁུངས་སོ་སོར་ཕྱེ་ནས་རྒྱལ་ཡོངས་མི་དམངས་ འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་བབ་དབང་ཚད་ནང་ཚུད་ཀྱི་གྲོས་གཞི་འདོན་དབང་ཡོད།
       
དོན་ཚན་དོན་གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོག་སྐབས་རྒྱུན་ལས་ཨུ་ཡོན་ ལྷན་ཁང་གི་ཁོངས་མི་རྣམས་ལ་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་གོ་རིམ་ལྟར་ རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་དང་ཨུ་ཡོན་ལྷན་ ཁང་ཁག་ལ་འདྲི་རྩད་ཀྱི་གྲོས་གཞི་འདོན་དབང་ཡོད། འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱིས་ ངེས་པར་དུ་དྲི་ལན་འདེབས་འགན་འཁུར་དགོས།                   .
       
དོན་ཚན་དོན་བཞི་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་འཚོག་རིང་གི་ཀྲུའུ་ཞི་ཚོགས་པའི་བཀའ་མ་འཁྲོལ་བ་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མ་འཁྲོལ་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་ མི་འཛིན་བཟུང་ངམ་དེར་ཉེས་དོན་གྱི་འདྲི་གཅོད་བྱས་མི་ཆོག
      
དོན་ཚན་དོན་ལྔ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རྒྱལ་ཡོངས་མི་དམངས་ འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་སྣ་ཚོགས་ཐོག་གཏམ་བཤད་བྱས་རིགས་དང་བརྡས་ཐག་བཅད་རིགས་ལ་བཅའ་ཁྲིམས་ཐོག་ནས་བདའ་འདེད་མི་བྱེད།
      
དོན་ཚན་དོན་དྲུག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་ངེས་པར་དུ་རྩ་ཁྲིམས་དང་ བཅའ་ཁྲིམས་དཔེར་འོས་ཀྱིས་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་ སྲུང་དགོས་པར་མ་ཟད།རང་ཉིད་ཐོན་སྐྱེད་དང་།ལས་དོན།སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་གང་དུ་ཞུགས་པའི་སར་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་དངོས་སུ་བསྟར་བར་རོགས་ འདེགས་ཀྱང་བྱ་དགོས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིའཐུས་མིས་རང་ཉིད་འདེམས་མཁན་སྡེ་ཚན་དང་མི་དམངས་དང་འབྲེལ་འདྲིས་དམ་པོར་བྱས་ནས་མི་དམངས་ཀྱི་བསམ་འཆར་ དང་དགོས་འདུན་ཉན་འཇོག་དང་གོང་དུ་སྙན་སེང་ཞུས་ཐོག་ཧུར་བརྩོན་ཆེན་པོས་མི་ དམངས་ལ་ཞབས་འདེགས་ཞུ་དགོས།
        
དོན་ཚན་དོན་བདུན་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་འདེམས་མཁན་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་བྱ་དགོས། འདེམས་མཁན་སྡེ་ཚན་ལ་བཅའ་ཁྲིམས་ནང་གསལ་ གཏན་འབེབས་ཀྱི་གོ་རིམ་ལྟར་རང་གིས་བདམས་པའི་འཐུས་མི་གནས་དབྱུང་གཏོང་ དབང་ཡོད།
       
དོན་ཚན་དོན་བརྒྱད་པ། 
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་ལུགས་དང་དེའི་ལས་དོན་གྱི་གོ་རིམ་ དག་བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།

ཚན་པ་གཉིས་པ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།
  
དོན་ཚན་དོན་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ནི་རྒྱལ་ཡོངས་མི་ དམངས་འཐུས་མིའི་ཚོགས་ཆེན་ཐོག་ནས་འདེམས་བསྐོ་བྱ་རྒྱུ།
འདེམས་བྱེད་དང་གདམ་བའི་དབང་ཆ་ཡོད་ཁར་རང་ལོ་འཁོར་མོ་ཞེ་ལྔར་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཁོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བདམས་ཆོག་པ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེ་རེའི་ འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་ འགན་འཛིན་ཡུན་ཚད་དང་མཚུངས་ཤིང་། འགན་འཛིན་བསྟུད་མར་བྱེད་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག
   
དོན་ཚན་བརྒྱད་ཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་གྱི་ཆོད་དོན་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་ནས་བཅའ་ཁྲིམས་ཁྱབ་བསྒྲགས་གནང་རྒྱུ་ དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་རྒན་གཞོན་དང་།རྒྱལ་སྲིད་ཨུ་ཡོན།པུའུ་ཁག་གི་པུའུ་ཀྲང་།ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན།རྩིས་བཤེར་འགོ་འཛིན།དྲུང་ཡིག་ཆེ་མོ་བཅས་བསྐོ་འཐེན་གནང་རྒྱུ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་ཀྱི་མཚན་སྙན་གནང་རྒྱུ། དམིགས་བསལ་བཙོན་གྲོལ་གྱི་བཀའ་དང་དམ་བསྒྲགས་ཀྱི་བཀའ་འབེབས་རྒྱུ། དམག་འཁྲུག་གི་གནས་སུ་འཁོད་པའི་ཁྱབ་བསྒྲགས་མཛད་རྒྱུ། སྡེབ་ལངས་དགོས་པའི་བཀའ་འབེབས་རྒྱུ།
      
དོན་ཚན་གྱ་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་ཏུ་ཕྱི་རྒྱལ་གྱི་གཞུང་ཚབ་ངོ་ལེན་གནང་རྒྱུ་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་སྟེ་དབང་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་མངག་འཐེན་གནང་རྒྱུ། ཕྱི་རྒྱལ་དང་ཆིངས་ཡིག་དང་གྲོས་མཐུན་གལ་ཆེན་བཞག་རིགས་ལ་ཆོག་མཆན་འགོད་རྒྱུ་
དང་གང་ཞིག་རྩིས་མེད་དུ་གཏོང་རྒྱུ།
     
དོན་ཚན་གྱ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་ཕྱག་ལས་ལ་རོགས་འདེགས་ཞུ་རྒྱུ།
     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་བཀའ་མངག་ལྟར་ཀྲུའུ་ཞིའི་འགན་བབ་དབང་ཆ་འགའ་ཤས་ཚབ་འཛིན་བྱས་འཐུས།
     
དོན་ཚན་གྱ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་རྒྱལ་ཡོངས་མི་
དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མས་བདམས་པའི་ཀྲུའུ་ཞི་རྒན་གཞོན་གྱི་
འགན་འཛིན་བྱེད་འགོ་མ་ཚུགས་བར་འགན་བབ་དབང་ཆ་དེ་མུར་འཛིན་རྒྱུ།
     
དོན་ཚན་གྱ་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་གནས་སྟོང་པར་ལུས་ཚེ་ཀྲུའུ་ཞི་
གཞོན་པས་ཀྲུའུ་ཞིའི་ལས་གནས་རྒྱུན་འཛིན་བྱ་རྒྱུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་ལས་གནས་སྟོང་པར་ལུས་
སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གསར་འདེམས་བྱ་རྒྱུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་ཀའི་ལས་
གནས་སྟོང་པར་ལུས་སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གསར་
འདེམས་བྱ་རྒྱུ་དང་།གསར་འདེམས་མ་བྱས་བར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་གནས་སྐབས་རིང་ཀྲུའུ་ཞིའི་ལས་
ཚབ་བྱས་འཐུས།

ཚན་པ་གསུམ་པ།      རྒྱལ་སྲིད་སྤྱི་ཁྱབ་ཁང།
  
དོན་ཚན་གྱ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱི་ལས་འཛིན་ལས་ཁུངས་ ཡིན་པ་དང་རྒྱལ་ཁབ་ཀྱི་གཞུང་སྲིད་ལས་ཁུངས་མཐོ་ཤོས་ཡིན།
   
དོན་ཚན་གྱ་དྲུག་པ། 
རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་གཤམ་གསལ་གྱི་མི་རྣམས་ལས་འཛུགས་རྒྱུ།
ཙུང་ལི་དང་། ཙུང་ལི་གཞོན་པ་འགའ་ཤས། རྒྱལ་སྲིད་ཨུ་ཡོན་དུ་མ། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེ་མོ་བཅས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཙུང་ལིས་འགན་འཁུར་བའི་ལམ་སྲོལ་ལག་ལེན་བསྟར་རྒྱུ། པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་ནས་པུའུ་ཀྲང་དང་ཀྲུའུ་རེན་གྱིས་འགན་འཁུར་བའི་ལམ་སྲོལ་ལག་ལེན་བསྟར་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཛུགས་ལུགས་ནི་བཅའ་ཁྲིམས་ནས་གཏན་ལ་འབེབས་རྒྱུ།
   
དོན་ཚན་གྱ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་དང་མཚུངས།
ཙུང་ལི་རྒན་གཞོན་དང་། རྒྱལ་སྲིད་ཨུ་ཡོན་གྱི་འགན་འཛིན་བསྟུད་མར་བྱེད་ཡུན་སྐབས་ གཉིས་ལས་བརྒལ་མི་ཆོག
      
དོན་ཚན་གྱ་བརྒྱད་པ། 
ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་འགོ་ཁྲིད་གནང་རྒྱུ། ཙུང་ལི་གཞོན་པ་དང་། རྒྱལ་སྲིད་ཨུ་ཡོན་གྱིས་ཙུང་ལིའི་ལས་རོགས་ཞུ་རྒྱུ།ཙུང་ལི་དང་།ཙུང་ལི་གཞོན་པ།རྒྱལ་སྲིད་ཨུ་ཡོན།དྲུང་ཡིག་ཆེ་མོ་བཅས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོག་རྒྱུ། 
ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུ་སྐོང་དང་གཙོ་སྐྱོང་གནང་རྒྱུ།
       
དོན་ཚན་གྱ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཤམ་གསལ་འགན་བབ་དབང་ཆ་འཛིན་རྒྱུ།
  (གཅིག)རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་གཞུང་སྲིད་སྐྱོང་ཐབས་གཏན་
འབེབས་དང་གཞུང་སྲིད་ཁྲིམས་སྲོལ་བཟོ་འགོད།ཆོད་དོན་དང་བཀའ་རྒྱ་འགྲེམས་བསྒྲགས་བྱ་རྒྱུ་དང་།
  (གཉིས)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་རྒྱལ་ཡོངས་མི་དམངས་
འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་འཆར་འདོན་རྒྱུ།
  (གསུམ)པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་འགན་དང་ཁུར་འཁྲི་གཏན་
འབེབས་དང་།པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་ཀར་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུར་མ་ཟད།པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་སུ་མ་ཚུད་པའི་རྒྱལ་ཡོངས་
ཀྱི་རང་བཞིན་ལྡན་པའི་གཞུང་སྲིད་ལས་དོན་ལ་ཡང་འགོ་ཁྲིད་བྱ་རྒྱུ།
  (བཞི)རྒྱལ་ཡོངས་ས་གནས་ཁག་གི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་རིམ་པ་ཁག་གི་
ལས་དོན་ལ་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་དང་། ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་
ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་ཀྱི་འགན་བབ་དབང་མཚམས་འབྱེད་ཚུལ་ཞིབ་ཕྲ་གཏན་ལ་འབེབས་རྒྱུ།
  (ལྔ)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་རྒྱལ་ ཁབ་ཀྱི་སྔོན་རྩིས་འགོད་རྒྱུ་དང་ལག་ལེན་བསྟར་རྒྱུ།
  (དྲུག)དཔལ་འབྱོར་གྱི་ལས་དོན་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་ འགོ་ཁྲིད་དང་དོ་དམ་བྱ་རྒྱུ།
 (བདུན)སློབ་གསོ་དང་།ཚན་རིགརིག་གནས།འཕྲོད་བསྟེན།ལུས་རྩལ།འཆར་ཡོད་བུ་
བཙའ་བཅས་ཀྱི་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱ་རྒྱུ།
  (བརྒྱད)དམངས་སྲིད་དང་།སྤྱི་བདེ།ཁྲིམས་འཛིན་སྲིད་དོན།ལྟ་དཔྱད་སོགས་ཀྱི་ལས་ དོན་འགོ་ཁྲིད་དང་དོ་དམ་བྱ་རྒྱུ།
  (དགུ)ཕྱི་ཕྱོགས་ཀྱི་ལས་དོན་ལ་དོ་དམ་བྱ་རྒྱུ་དང་།ཕྱི་རྒྱལ་དང་ཆིངས་ཡིག་དང་གྲོས་ མཐུན་འཇོག་རྒྱུ།
   (བཅུརྒྱལ་ཁབ་བརྟན་སྲུང་གི་འཛུགས་སྐྲུན་བྱ་གཞག་ལ་འགོ་ཁྲིད་དང་དོ་དམ་བྱ་རྒྱུ།
(བཅུ་གཅིག)མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ཁེ་དབང་ལ་འགན་ལེན་བྱ་རྒྱུ།
  (བཅུ་གཉིས)ཕྱིར་སྡོད་རང་མིའི་བབ་འོས་ཀྱི་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དང་། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ།
   (བཅུ་གསུམ)པུའུ་ཁག་དང་།ཨུ་ཡོན་ལྷན་ཁང་ཁག་གིས་བཀའ་རྒྱ་དང་།མཛུབ་སྟོན། སྒྲིག་སྲོལ་བཅས་འོས་མིན་སྤེལ་རིགས་རྣམས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུ།   
(བཅུ་བཞི)ས་གནས་ཀྱི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་རིམ་པ་ཁག་གི་གྲོས་ཆོད་དང་ བཀའ་རྒྱ་འོས་མིན་གྱི་རིགས་རྣམས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུ།
   (བཅོ་ལྔ)ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མངའ་ཁུལ་ དབྱེ་མཚམས་གཅོད་པར་ཆོག་མཆན་འགོད་རྒྱུ་དང་། རང་སྐྱོང་ཁུལ་དང་། རྫོང་། རང་སྐྱོང་ རྫོང་།གྲོང་ཁྱེར་བཅས་འཛུགས་པ་དང་དེ་དག་གི་མངའ་ཁུལ་དབྱེ་མཚམས་གཅོད་པར་ ཆོག་མཆན་འགོད་རྒྱུ།
 (བཅུ་དྲུག)ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་གང་ཞིག་གི་མངའ་ཁུལ་ ཆ་ཤས་ལ་དམ་བསྒྲགས་བྱེད་ཐག་གཅོད་རྒྱུ།
 (བཅུ་བདུན)གཞུང་སྲིད་ལས་ཁུངས་ཀྱི་སྒྲིག་ཚུལ་ཞིབ་བཤེར་གྱིས་གཏན་ལ་འབེབས་རྒྱུ་
དང་། བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་གཞུང་སྲིད་མི་སྣ་བསྐོ་འཐེན་དང་། གསོ་སྐྱོང་སྦྱོང་བརྡར།ཞིབ་དཔྱད་བཅས་བྱ་རྒྱུ་དང་།བྱ་དགའ་སྤྲོད་པའམ་ཆད་པ་གཅོད་པ་གང་འོས་བྱ་རྒྱུ།
   (བཅོ་བརྒྱད)རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་
དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནང་བའི་འགན་བབ་དབང་ཆ་གཞན་དག་འཛིན་རྒྱུ་བཅས་ཡིན།
   
དོན་ཚན་དགུ་བཅུ་པ། 
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ གྱིས་རང་ཁོངས་སྡེ་ཁག་གི་གཙོ་འགན་འཁུར་རྒྱུ་དང་།པུའུ་ཡི་ལས་དོན་གྲོས་ཚོགས་སམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་སམ་ཨུ་ཡོན་ལྷན་ ཁང་གི་གྲོས་ཚོགས། ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་བཅས་བསྡུ་སྐོང་དང་གཙོ་ སྐྱོང་བྱས་ཐོག་རང་ཁོངས་སྡེ་ཁག་གི་ལས་དོན་ནང་གི་དོན་དག་གལ་ཆེ་རིགས་རྣམས་གྲོས་བསྡུར་དང་འབྲེལ་ཐག་གཅོད་བྱ་རྒྱུ།
པུའུ་ཁག་དང་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ སྲིད་ཁྲིམས་སྲོལ་དང་།ཆོད་དོན།བཀའ་རྒྱ་བཅས་གཞིར་བཟུང་སྟེ་སྡེ་ཁག་དེ་རང་གི་དབང་ཚད་ནང་ཚུད་ལ་བཀའ་རྒྱ་དང་། མཛུབ་སྟོན། སྒྲིག་ལམ་བཅས་འགྲེམས་བསྒྲགས་བྱ་རྒྱུ།
      
དོན་ཚན་གོ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྩིས་བཤེར་ལས་ཁུངས་བཙུགསེ་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཁག་དང་ས་གནས་ཀྱི་སྲིད་གཞུང་རིམ་པ་ཁག་གི་ནོར་སྲིད་གཏོང་ཡོང་དང་།རྒྱལ་ཁབ་ཀྱི་ནོར་སྲིད་དང་དངུལ་རྩའི་ལས་ཁུངས་དང་ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱི་ནོར་དོན་གཏོང་ཡོང་ལ་རྩིས་བཤེར་གྱིས་ལྟ་སྐུལ་བྱ་རྒྱུ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགོ་ཁྲིད་འོག་རྩིས་བཤེར་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་རྩིས་བཤེར་གྱིས་ལྟ་སྐུལ་བྱེད་པའི་དབང་ཆ་རང་ཚུགས་ ཀྱིས་ལག་ལེན་བསྟར་རྒྱུ་ལས།གཞུང་སྲིད་ལས་ཁུངས་གཞན་དག་དང་། སྤྱི་ཚོགས་ཀྱི་ཚོགས་ པ། སྐྱེ་བོ་སུ་རུང་བཅས་ཀྱིས་དེ་ལ་ཐེ་གཏོགས་བྱས་མི་ཆོག
       
དོན་ཚན་གོ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་བའི་ཐོག་ལས་དོན་སྙན་ཞུ་འབུལ་རྒྱུ་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བའི་ཐོག་ལས་དོན་སྙན་ཞུ་འབུལ་རྒྱུ།

ཚན་པ་བཞི་བ།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།
    
དོན་ཚན་གོ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་འགོ་ཁྲིད་བྱ་རྒྱུ།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་རྣམས་ལས་འཛུགས་རྒྱུ།
ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་འགའ་ཤས། ཨུ་ཡོན་དུ་མ་བཅས་ཡིན།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནས་ཀྲུའུ་ཞིས་འགན་འཁུར་བའི་ལམ་སྲོལ་ལག་ ལེན་བསྟར་རྒྱུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐབས་རེ་རེའི་འགན་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་དང་མཚུངས།
    
དོན་ཚན་གོ་བཞི་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ ཁང་ལ་འགན་འཁུར་རྒྱུ།

ཚན་པ་ལྔ་བ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་།

དོན་ཚན་གོ་ལྔ་པ། 
ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རྫོང་། གྲོང་ཁྱེར། གྲོང་ཁྱེར་ཁོངས་ཀྱི་ཆུས། ཞང་། མི་རིགས་ཞང་། གྲོང་བརྡལ་བཅས་སུ་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་ སྲིད་གཞུང་འཛུགས་རྒྱུ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་འཛུགས་ལུགས་བཅའ་ཁྲིམས་ལས་གཏན་འབེབས་བྱ་རྒྱུ།
རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་སུ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ། རང་སྐྱོང་ལས་ཁུངས་ཀྱི་འཛུགས་ལུགས་དང་ལས་དོན་རྣམས་རྩ་ཁྲིམས་ལེའུ་གསུམ་པའི་ ཁྲིད་ཚན་ལྔ་པ་དང་དྲུག་པར་གཏན་ལ་ཕབ་པའི་གཞི་རྩའི་རྩ་དོན་གཞིར་བཟུང་ནས་ བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།
   
དོན་ཚན་གོ་དྲུག་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནི་ས་གནས་ཀྱི་རྒྱལ་ཁབ་ གཞུང་གི་དབང་འཛིན་ལས་ཁུངས་ཡིན།
རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ལ་རྒྱུན་ ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།
       
དོན་ཚན་གོ་བདུན་པ། 
ཞིང་ཆེན་དང་།ཐད་སྐྱོང་གྲོང་ཁྱེར།ཆུས་བཙུགས་པའི་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་དེ་ལས་རིམ་པ་གཅིག་གིས་དམའ་བའི་མི་དམངས་ འཐུས་མིའི་ཚོགས་ཆེན་ནས་གདམ་རྒྱུ།རྫོང་དང་། ཆུས་མ་བཙུགས་པའི་གྲོང་ཁྱེར། གྲོང་ཁྱེར་ ཁོངས་ཀྱི་ཆུས།ཞང་།མི་རིགས་ཞང་།གྲོང་བརྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ ཆེན་གྱི་འཐུས་མི་རྣམས་འདེམས་དམངས་ཀྱིས་ཐད་ཀར་གདམ་རྒྱུ།
ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་ཁ་གྲངས་དང་འཐུས་མི་འབྱུང་ཐབས་སྐོར་བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།
     དོན་ཚན་གོ་བརྒྱད་པ། 
ཞིང་ཆེན་དང་།ཐད་སྐྱོང་གྲོང་ཁྱེར།ཆུས་བཙུགས་པའི་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན། རྫོང་དང་། ཆུས་མ་ བཙུགས་པའི་གྲོང་ཁྱེར།གྲོང་ཁྱེར་ཁོངས་ཀྱི་ཆུས།ཞང་།མི་རིགས་ཞང་།གྲོང་བརྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ལོ་གསུམ་རེ་ཡིན།
      
དོན་ཚན་གོ་དགུ་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རང་ཉིད་ཀྱི་སྲིད་འཛིན་མངའ་ཁུལ་དུ་རྩ་ཁྲིམས་དང་། བཅའ་ཁྲིམས། གཞུང་སྲིད་ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ དང་དེ་དག་ལག་བསྟར་དངོས་འཁྱོལ་ཡོང་བའི་འགན་ལེན་བྱ་རྒྱུ་དང་།བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་གྲོས་ཆོད་ལ་གྲོས་འཆམ་དང་གྲོས་ཆོད་འགྲེམས་ བསྒྲགས་བྱ་རྒྱུ་དང་། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་དར་སྤེལ། ཐུན་མོང་གི་བྱ་གཞག་འཛུགས་སྤེལ་བྱེད་ཕྱོགས་སྐོར་གྱི་འཆར་གཞི་ཞིབ་བཤེར་གྱིས་གཏན་འབེབས་བྱ་རྒྱུ།
རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རང་ཉིད་ཀྱི་སྲིད་འཛིན་མངའ་ཁུལ་ཁོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་།སྔོན་རྩིས་དེ་གཉིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་དང་། རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འཚམ་པོ་མ་བྱུང་བའི་རིགས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱེད་དབང་ཡོད།
བཅའ་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་དབང་ཚད་ལྟར་མི་རིགས་ཞང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་བྱེད་ཐབས་ཞིབ་ཕྲ་ ལག་ལེན་བསྟར་ཆོག
      
དོན་ཚན་བརྒྱ་ཐམ་པ། 
རྩ་ཁྲིམས་དང་།བཅའ་ཁྲིམས།གཞུང་སྲིད་ཁྲིམས་སྲོལ་བཅས་དང་འགལ་ཟླར་མི་འགྱུར་བའི་ཆ་རྐྱེན་འོག་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་ཚོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་གི་ཁྲིམས་སྲོལ་གཏན་འབེབས་བྱས་ཆོག་པ་དང་། དེ་ཡང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།
      
དོན་ཚན་བརྒྱ་དང་གཅིག་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རིམ་པ་དེ་རང་གི་མི་ དམངས་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་འཛིན་རྒན་གཞོན་དང་།གྲོང་ཁྱེར་གྱི་འགོ་འཛིན་རྒན་གཞོན། རྫོང་དཔོན་རྒན་གཞོན། ཆུས་ཀྲང་རྒན་གཞོན། ཞང་ཀྲང་རྒན་གཞོན། གྲོང་བརྡལ་གྱི་འགོ་འཛིན་རྒན་གཞོན་བཅས་གདམ་རྒྱུར་མ་ཟད། དེ་དག་གནས་དབྱུང་ གཏོང་དབང་ཡང་ཡོད།
རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རིམ་པ་དེ་རང་གི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དང་མི་དམངས་ཞིབ་དཔྱོད་ཁང་གི་ ཞིབ་དཔྱོད་འགོ་འཛིན་གདམ་རྒྱུར་མ་ཟད། དེ་ཚོ་གནས་དབྱུང་གཏོང་དབང་ཡང་ཡོད། མི་ དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་འདེམས་པའམ་གནས་དབྱུང་གཏོང་ དགོས་ཚེ་ངེས་པར་དུ་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ལ་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ ཆོག་མཆན་ཞུ་བའི་སྙན་སེང་འབུལ་དགོས།
        
དོན་ཚན་བརྒྱ་དང་གཉིས་པ། 
ཞིང་ཆེན་དང་།ཐད་སྐྱོང་གྲོང་ཁྱེར།ཆུས་བཙུགས་པའི་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་འདེམས་མཁན་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་དང་། རྫོང་དང་། ཆུས་མ་བཙུགས་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་ཀྱི་ཆུས། ཞང་། མི་རིགས་ ཞང་། གྲོང་བརྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་འདེམས་ དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ།
ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་འདེམས་མཁན་ སྡེ་ཚན་དང་འདེམས་དམངས་ལ་བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་གོ་རིམ་ལྟར་རང་ཉིད་ཀྱིས་བདམས་ཟིན་པའི་འཐུས་མི་གནས་དབྱུང་གཏོང་དབང་ཡོད།
   
དོན་ཚན་བརྒྱ་དང་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ ལས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ་འགའ་ཤས། ཨུ་ཡོན་དུ་མ་ བཅས་ལ་ཚུགས་ཏེ་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་ ཐོག་ལས་དོན་གྱི་སྙན་ཞུ་འབུལ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་ མི་གདམ་རྒྱུར་མ་ཟད།གནས་དབྱུང་གཏོང་དབང་ཡང་ཡོད།རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྒྱལ་ཁབ་ཀྱི་གཞུང་སྲིད་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ ཁུངས་བཅས་ཀྱི་ལས་འགན་ཁུར་མི་ཆོག
       
དོན་ཚན་བརྒྱ་དང་བཞི་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ ལས་ཨུ་ཡོན་ལྷན་ཁང་གིས་རང་ཁོངས་སྲིད་འཛིན་མངའ་ཁུལ་གྱི་ཕྱོགས་གང་ཅིའི་ལས་ དོན་གལ་ཆེ་རིགས་དག་གྲོས་བསྡུར་དང་ཐག་གཅོད་རྒྱུ་དང་།རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་དང་།མི་དམངས་ཁྲིམས་ཁང་།མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྒྲུབ་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་གི་ཆོད་དོན་སྒྲུབ་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་གི་ཆོད་དོན་དང་བཀའ་རྒྱ་འཚམ་མིན་རིགས་ ཕྱིར་འཐེན་རྒྱུ། རང་ལས་རིམ་པ་གཅིག་གིས་དམའ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ འཚམ་མིན་དག་ཕྱིར་འཐེན་རྒྱུ། བཅའ་ཁྲིམས་ནང་གསལ་གཏན་འབེབས་ཀྱི་དབང་ཚད་ལྟར་རྒྱལ་ཁབ་གཞུང་གི་ལས་ ཁུངས་ཁག་གི་ལས་བྱེད་པ་བསྐོ་འཐེན་བྱེད་ཐག་གཅོད་རྒྱུ། རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ལ་དགོས་པ་བྱུང་སྐབས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རེ་ཟུང་གནས་དབྱུང་ཐོག་གསབ་འདེམས་བྱ་རྒྱུ།
         
དོན་ཚན་བརྒྱ་དང་ལྔ་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ནི་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་དབང་འཛིན་ལས་ཁུངས་རིམ་པ་ཁག་གི་ལས་འཛིན་ལས་ཁུངས་ཡིན་པ་དང་། ས་གནས་ཀྱི་རྒྱལ་ ཁབ་གཞུང་སྲིད་ལས་ཁུངས་རིམ་པ་ཁག་ཡིན།
ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ནས་ཞིང་ཆེན་གྱི་འགོ་འཛིན་དང་། གྲོང་ ཁྱེར་གྱི་འགོ་འཛིན།རྫོང་དཔོན།ཆུས་ཀྲང་།ཞང་ཀྲང་།གྲོང་བརྡལ་གྱི་འགོ་འཛིན་བཅས་ཀྱིས་འགན་འཁུར་བའི་ལམ་སྲོལ་ལག་ལེན་བསྟར་རྒྱུ།
       
དོན་ཚན་བརྒྱ་དང་དྲུག་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ནི་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་དང་མཚུངས།
         
དོན་ཚན་བརྒྱ་དང་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བཅའ་ཁྲིམས་ ནང་གསལ་གཏན་འབེབས་ཀྱི་དབང་ཚད་ལྟར་རང་གི་སྲིད་འཛིན་མངའ་ཁུལ་གྱི་དཔལ་ འབྱོར་དང་།སློབ་གསོ། ཚན་རིག་རིག་གནས། འཕྲོད་བསྟེན། ལུས་རྩལ་གྱི་བྱ་གཞག་གྲོང་ཁྱེར་ དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱ་གཞགནོར་སྲིད།དམངས་སྲིད།སྤྱི་བདེ།མི་རིགས་ཀྱི་ལས་དོན།ཁྲིམས་འཛིན་སྲིད་དོན།ལྟ་དཔྱད།འཆར་ཡོད་བུ་བཙའ་སོགས་ཀྱི་གཞུང་སྲིད་ལས་དོན་ལ་དོ་དམ་དང་།ཆོད་དོན་དང་བཀའ་རྒྱ་འགྲེམས་བསྒྲགས།གཞུང་སྲིད་མི་སྣ་བསྐོ་འཐེན་ དང་།གསོ་སྐྱོང་སྦྱོང་བརྡར།ཞིབ་དཔྱད་བཅས་བྱ་རྒྱུ་དང་།དེ་ཚོར་བྱ་དགའ་སྤྲོད་པའམ་ཆད་པ་གཅོད་པ་གང་འོས་བྱ་རྒྱུ།
ཞང་དང་།མི་རིགས་ཞང་།གྲོང་བརྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་དང་གོང་རིམ་རྒྱལ་ཁབ་གཞུང་སྲིད་ ལས་ཁུངས་ཀྱི་ཆོད་དོན་དང་བཀའ་རྒྱ་ལག་ལེན་བསྟར་རྒྱུ་དང་། རང་ཁོངས་སྲིད་འཛིན་ མངའ་ཁུལ་ནང་གི་གཞུང་སྲིད་ལས་དོན་ལ་དོ???/U??་དམ་བྱ་རྒྱུ།
ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ཞང་དང་།མི་རིགས་ཞང་། གྲོང་བརྡལ་བཅས་འཛུགས་རྒྱུ་དང་དེ་ཚོའི་མངའ་ཁུལ་དབྱེ་མཚམས་གཅོད་ཐབས་གཏན་ལ་འབེབས་རྒྱུ།
          
དོན་ཚན་བརྒྱ་དང་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རང་ཁོངས་ཀྱི་ ལས་དོན་སྡེ་ཁག་སོ་སོ་དང་འོག་རིམ་མི་དམངས་སྲིད་གཞུང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དང་འབྲེལ་རང་ཁོངས་ཀྱི་ལས་དོན་སྡེ་ཁག་སོ་སོ་དང་འོག་རིམ་མི་དམངས་སྲིད་གཞུང་གི་ཆོད་དོན་འཚམ་མིན་གྱི་རིགས་བསྒྱུར་བཅོས་དང་ཕྱིར་འཐེན་བྱེད་དབང་ཡོད།
          
དོན་ཚན་བརྒྱ་དང་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ཏུ་རྩིས་བཤེར་ལས་ ཁུངས་འཛུགས་རྒྱུ། ས་གནས་ཀྱི་རྩིས་བཤེར་ལས་ཁུངས་རིམ་པ་ཁག་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་རྩིས་བཤེར་གྱིས་ལྟ་སྐུལ་བྱེད་པའི་དབང་ཆ་བཟུང་སྟེ་རིམ་པ་དེ་གའི་མི་ དམངས་སྲིད་གཞུང་དང་རིམ་པ་གཅིག་གིས་མཐོ་བའི་རྩིས་བཤེར་ལས་ཁུངས་ལ་འགན་ འཁུར་རྒྱུ།
          
དོན་ཚན་བརྒྱ་དང་བཅུ་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམ་པ་དེ་གའི་མི་དམངས་འཐུས་ མིའི་ཚོགས་ཆེན་ལ་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུ་འབུལ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམ་པ་དེ་གའི་ མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་མི་འཚོག་པའི་རིང་ལ་རིམ་པ་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བའི་ཐོག་ ལས་དོན་གྱི་སྙན་ཞུ་འབུལ་རྒྱུ།
      ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རང་ལས་རིམ་པ་གཅིག་གིས་མཐོ་ བའི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་ལས་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུ་ འབུལ་རྒྱུ།རྒྱལ་ཡོངས་ཀྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་འགོ་ཁྲིད་འོག་གི་རྒྱལ་ཁབ་ཀྱི་གཞུང་སྲིད་ལས་ཁུངས་ཡིན་པས་ ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བཀོད་དང་ལེན་ཞུ་དགོས།
        
དོན་ཚན་བརྒྱ་དང་བཅུ་གཅིག་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཡུལ་མིའི་སྡོད་གནས་ལ་གཞིགས་ཏེ་བཙུགས་པའི་གྲོང་མིའི་ ཨུ་ཡོན་ལྷན་ཁང་ངམ་གྲོང་ཚོའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་ནི་མང་ཚོགས་ཀྱི་རང་བཞིན་ ལྡན་པའི་གཞི་རིམ་གྱི་རང་སྐྱོང་རྩ་འཛུགས་ཡིན། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་ གཞོན་དང་ཨུ་ཡོན་དག་ཡུལ་མིས་འདེམས་བསྐོ་བྱ་རྒྱུ། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་དེ་གཉིས་དང་གཞི་ རིམ་སྲིད་དབང་བར་གྱི་འབྲེལ་བ་ནི་བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།
གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་མི་ དམངས་བར་འདུམ་དང་། བདེ་སྲུང་། སྤྱིའི་འཕྲོད་བསྟེན་སོགས་ཀྱི་ཨུ་ཡོན་ལྷན་ཁང་ བཙུགས་ཏེ་སྡོད་ཁུལ་དེ་གའི་སྤྱིའི་ལས་དོན་དང་སྤྱི་ཕན་བྱ་གཞག་གཉེར་རྒྱུ་དང་།དམངས་ཁྲོད་ཀྱི་རྩོད་གཞི་འདུམ་ཐབས་དང་། སྤྱི་ཚོགས་བདེ་སྲུང་བྱེད་རོགས་བྱ་རྒྱུར་མ་ཟད། མང་ཚོགས་ཀྱི་བསམ་འཆར་དང་དགོས་འདུན་གང་ཡོད་མི་དམངས་སྲིད་གཞུང་ལ་སྙན་ སེང་ཞུ་རྒྱུ་དང་གྲོས་འགོ་འདོན་རྒྱུ།

ཚན་པ་དྲུག་པ།   མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།
       
དོན་ཚན་བརྒྱ་དང་བཅུ་གཉིས་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ ཁུལ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་ གཞུང་ཡིན།
        
དོན་ཚན་བརྒྱ་དང་བཅུ་གསུམ་པ། 
རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་འཐུས་མི་ཕུད། སྲིད་འཛིན་མངའ་ཁུལ་དེ་ཁོངས་སུ་གནས་བཅའ་བའི་མི་རིགས་གཞན་པར་ཡང་སོ་སོའི་ འཐུས་མིའི་ཁ་གྲངས་འོས་འཚམ་ཞིག་དགོས།
རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པའི་ལས་འགན་ འཁུར་མཁན་གྱི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་དགོས།
        
དོན་ཚན་བརྒྱ་དང་བཅུ་བཞི་པ། 
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།རང་སྐྱོང་ཁུལ་གྱི་འགོ་འཛིན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་དེ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་ དམངས་ཀྱིས་འཁུར་རྒྱུ།
         
དོན་ཚན་བརྒྱ་དང་བཅོ་ལྔ་པ། 
རང་སྐྱོང་ལྗོངས་དང་།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ཁྲིད་ཚན་ལྔ་པར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་ གཞུང་གི་ལས་ཁུངས་ཀྱི་འགན་བབ་དབང་ཆ་འཛིན་རྒྱུ་དང་འབྲེལ་རྩ་ཁྲིམས་དང་། མི་ རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས།བཅའ་ཁྲིམས་གཞན་དག་བཅས་པར་གཏན་ལ་ཕབ་པའི་དབང་ཚད་ལྟར་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་དང་། ས་གནས་སོ་སོའི་ གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་ མཐར་ཕྱིན་བསྟར་རྒྱུ།
      
དོན་ཚན་བརྒྱ་དང་བཅུ་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་གཏན་འབེབས་བྱེད་དབང་ཡོད། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་དག་རྒྱལ་ཡོངས་མི་ དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་ མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་ དག་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ་དང་འབྲེལ་རྒྱལ་ ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།
       
དོན་ཚན་བརྒྱ་དང་བཅུ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལས་གནས་ཀྱི་ནོར་སྲིད་དོ་དམ་བྱེད་པའི་རང་སྐྱོང་དབང་ཆ་ཡོད། རྒྱལ་ཁབ་ཀྱི་ནོར་སྲིད་སྒྲིག་སྲོལ་ལྟར་མི་རིགས་རང་སྐྱོང་ས་གནས་ལ་དབང་བའི་ནོར་སྲིད་ཡོང་འབབ་རྣམས་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུ།
         
དོན་ཚན་བརྒྱ་དང་བཅོ་བརྒྱད་པ། རྒྱལ་ཁབ་ཀྱི་འཆར་གཞིའི་མཛུབ་ཁྲིད་འོག་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་ས་གནས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་ལ་ རང་ཐག་རང་གཅོད་ཀྱིས་བཀོད་སྒྲིག་དང་དོ་དམ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱ་དགོས།
      
དོན་ཚན་བརྒྱ་དང་བཅུ་དགུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་རྣམས་ལ་རང་ཚུགས་ ཀྱིས་དོ་དམ་བྱ་རྒྱུ་དང་། མི་རིགས་ཀྱི་ཤུལ་བཞག་རིག་རྫས་སྲུང་སྐྱོབ་དང་ལེགས་སྒྲིག་བྱ་རྒྱུ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ།
     
དོན་ཚན་བརྒྱ་དང་ཉི་ཤུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་རྒྱལ་ཁབ་ཀྱི་དམག་དོན་ལམ་ ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ བཀའ་འཁྲོལ་རྗེས་ས་གནས་དེ་གའི་སྤྱི་ཚོགས་བདེ་འཇགས་སྲུང་བའི་སྤྱི་བདེའི་དམག་ དཔུང་བཙུགས་ཆོག
     
དོན་ཚན་བརྒྱ་དང་ཉེར་གཅིག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ། 
     
དོན་ཚན་བརྒྱ་དང་ཉེར་གཉིས་པ། 
རྒྱལ་ཁབ་ཀྱིས་ནོར་སྲིད་དང་། དངོས་རྫས། ལག་རྩལ་སོགས་ཀྱི་ཐད་ནས་གྲངས་ཉུང་མི་ རིགས་ཁག་ལ་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་དར་སྤེལ་གྱི་བྱ་གཞག་མགྱོགས་མྱུར་གོང་དུ་སྤེལ་བའི་རོགས་རམ་བྱ་རྒྱུ།
རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་ས་གནས་དེ་གའི་མི་རིགས་ཀྱི་ཁྲོད་ནས་རིམ་པ་ཁག་གི་ལས་བྱེད་པ་དང་། ཆེད་ལས་ཡོན་ཏན་ཅན་དང་རྩལ་ལྡན་བཟོ་པ་སྣ་ཚོགས་པ་ འབོར་ཆེན་གསོ་སྐྱོང་བྱེད་རོགས་བྱ་རྒྱུ།

ཚན་པ་བདུན་པ།   མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང།
       
དོན་ཚན་བརྒྱ་དང་ཉེར་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་ གཅོད་ལས་ཁུངས་ཡིན།
    
དོན་ཚན་བརྒྱ་དང་ཉེར་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ས་ གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁགདམག་དོན་གྱི་ཁྲིམས་ཁང་ལ་སོགས་པའི་ཆེད་དམིགས་མི་དམངས་ཁྲིམས་ཁང་བཅས་འཛུགས་རྒྱུ།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱི་སྐབས་རེ་རེའི་འགན་འཛིན་ཡུན་ཚད་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་འགན་འཛིན་ཡུན་ཚད་དང་མཚུངས་ཤིང་། འགན་འཛིན་བསྟུད་མར་བྱེད་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག
མི་དམངས་ཁྲིམས་ཁང་འཛུགས་ལུགས་སྐོར་བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།
       
དོན་ཚན་བརྒྱ་དང་ཉེར་ལྔ་པ། 
མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཞིབ་གཅོད་བྱ་རྒྱུ་རྣམས་བཅའ་ཁྲིམས་སུ་གཏན་ལ་ ཕབ་པའི་གནས་ཚུལ་དམིགས་བསལ་ཅན་བྱུང་ན་མ་གཏོགས་དེ་བྱིངས་ཚང་མ་ཡོངས་ གྲགས་སུ་བྱ་རྒྱུ། ཞུ་སྦྱོར་ཕྱི་མ་བར་དག་འབུད་ཐོབ་དབང་ཡོད།
     
དོན་ཚན་བརྒྱ་དང་ཉེར་དྲུག་པ། མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་རང་ཚུགས་ཀྱིས་འདྲི་གཅོད་བྱེད་དབང་འཛིན་པ་ལས། གཞུང་སྲིད་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། སྐྱེ་བོ་གཞན་སུས་ཀྱང་ཐེ་གཏོགས་བྱས་མི་ཆོག
        
དོན་ཚན་བརྒྱ་དང་ཉེར་བདུན་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནི་འདྲི་གཅོད་ལས་ཁུངས་མཐོ་ཤོས་ཡིན།                 
            ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་ དང་ཆེད་དམིགས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་བྱེད་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་། གོང་རིམ་མི་དམངས་ཁྲིམས་ཁང་གིས་འོག་རིམ་མི་དམངས་ཁྲིམས་ཁང་གི་འདྲི་ གཅོད་ལས་དོན་བྱེད་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།
            
དོན་ཚན་བརྒྱ་དང་ཉེར་བརྒྱད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ འགན་འཁུར་རྒྱུ་དང་། ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་གིས་རང་ཉིད་ འབྱུང་སའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ལ་འགན་འཁུར་རྒྱུ།        
          
དོན་ཚན་བརྒྱ་དང་ཉེར་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་ནི་བཅའ་ཁྲིམས་ ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་བྱེད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན།                            
       
དོན་ཚན་བརྒྱ་དང་སུམ་ཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་དམངས་དོན་ཞིབ་དཔྱོད་ཁང་ལ་ སོགས་པའི་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་བཅས་འཛུགས་རྒྱུ།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱི་སྐབས་རེ་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཆོགས་ཆེན་སྐབས་རེ་རེའི་འགན་ འཛིན་ཡུན་ཚད་དང་མཚུངས་ཤིང་།འགན་འཛིན་བསྟུད་མར་བྱེད་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག
མི་དམངས་ཞིབ་དཔྱོད་ཁང་འཛུགས་ལུགས་སྐོར་བཅའ་ཁྲིམས་ལས་གཏན་ལ་འབེབས་རྒྱུ།
     
དོན་ཚན་བརྒྱ་དང་སོ་གཅིག་པ། མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་ ཞིབ་དཔྱོད་བྱེད་དབང་འཛིན་པ་ལས། གཞུང་སྲིད་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། སྐྱེ་བོ་གཞན་སུས་ཀྱང་ཐེ་གཏོགས་བྱས་མི་ཆོག
      
དོན་ཚན་བརྒྱ་དང་སོ་གཉིས་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནི་ཞིབ་དཔྱོད་ལས་ཁུངས་མཐོ་ཤོས་ཡིན།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་དང་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དང་།གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་འོག་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ དོན་ལ་འགོ་ཁྲིད་བྱ་རྒྱུ།
      
དོན་ཚན་བརྒྱ་དང་སོ་གསུམ་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་།ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གིས་རང་ཉིད་འབྱུང་སའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་དང་།གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་འགན་འཁུར་རྒྱུ།
         
དོན་ཚན་བརྒྱ་དང་སོ་བཞི་པ། མི་རིགས་ཁག་གི་སྤྱི་དམངས་ཚང་མར་རང་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གཏུག་ བཤེར་བྱེད་པའི་དབང་ཆ་ཡོད།གཏུག་བཤེར་བྱེད་མིའི་གྲས་སུ་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་མི་ཤེས་མཁན་ཡོད་ན་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་དེར་སྐད་ཡིག་བསྒྱུར་དགོས་རྒྱུ།
གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའམ་མི་རིགས་མང་པོ་མཉམ་སྡོད་བྱེད་ཁུལ་དུ་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཐོག་ཞིབ་གཅོད་བྱ་རྒྱུ་དང་། གཏུག་ཡིག་དང་། བཅད་ ཁྲ། རྩ་ཚིག ཡིག་རིགས་གཞན་དག་སྐབས་བསྟུན་གྱིས་ས་གནས་དེ་གར་ཐུན་མོང་དུ་སྤྱོད་ པའི་ཡིག་རིགས་གཅིག་གམ་ཁ་ཤས་ཀྱི་ཐོག་ནས་འབྲི་དགོས་རྒྱུ།
      
དོན་ཚན་བརྒྱ་དང་སོ་ལྔ་པ། 
ཉེས་དོན་གྱི་གྱོད་གཞི་ཐག་གཅོད་སྐབས་གནད་ཁེལ་དང་ནུས་ལྡན་གྱི་སྒོ་ནས་བཅའ་ཁྲིམས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་ཆེད་མི་དམངས་ཁྲིམས་ཁང་དང་།མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ལས་བགོས་འགན་ཁུར་དང་། ཕན་ཚུན་ གཞོགས་འདེགས། ཕན་ཚུན་སྟངས་འཛིན་བཅས་བྱ་དགོས།

ལེའུ་བཞི་བ།  རྒྱལ་དར་དང་།   རྒྱལ་རྟགས།  རྒྱལ་ས།
     
དོན་ཚན་བརྒྱ་དང་སོ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན།
   
དོན་ཚན་བརྒྱ་དང་སོ་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་དཀྱིལ་ལ་སྐར་ལྔའི་འོད་ཟེར་འཕྲོ་བའི་གནམ་བདེ་སྒོ་མོ་ཡོད་པ་དང་།མཐའ་འཁོར་འབྲུ་སྙེ་དང་འཁོར་ལོ་སོ་ཅན་གྱིས་བསྐོར་ཡོད།
   
དོན་ཚན་བརྒྱ་དང་སོ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ནི་པེ་ཅིང་ཡིན།
       རྒྱུ་ཆ་འདི་རམས་ཚེ་བྷོས་མཁོ་འདོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1