ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་ལོ་སར་བསུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-31


  སྤྱི་ཟླ་1པའི་ཚེས་29ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་པ་ཚོ་དང་ལྷན་དུ་འཛོམས་ནས་ལུགས་རྙིང་ལོ་སར་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལོ་སར་གྱི་འཚམས་འདྲི་དང་ལྷད་མེད་ཀྱི་སྨོན་འདུན་ཞུས།
  ཞི་ཅིན་ཕིང་གིས་ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཐག་གཅོད་བྱེད་པ་འགོ་བརྩམས་པའི་ལོ་རེད། འགོ་ལེགས་པོར་བརྩམ་པར་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་ཧུར་བརྩོན་ལ་འབྲེལ་བ་དམ་པོ་ཡོད་པ་རེད། ང་ཚོར་བགྲོད་ལམ་དང་ཁ་ཕྱོགས། དམིགས་འབེན་ཐད་ནས་གཅིག་མཐུན་གྱི་འདུ་ཤེས་ཆགས་དགོས། བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་གྲོད་ཆོད་བཀོད་སྒྲིག་དང་ལོ་ལྔའི་འཆར་ཞི་བཅུ་གསུམ་གྱི་འཕེལ་རྒྱས། གསར་གཏོར་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སྟེང་གཅིག་ཏུ་སྒྲིལ་ཏེ་སྙིང་སྟོབས་ཀྱི་ནང་སྙིང་ལ་ངོས་འཛིན་དང་དགོངས་དོན་གྱི་དཀྱིལ་སྙིང་ལ་ཚོད་འཛིན། གཏིང་ཟབ་པའི་ཞིབ་འཇུག་བརྟག་དཔྱད་བྱས་ཏེ་དོན་དངོས་དང་མཐུན་པའི་བསམ་འཆར་འདོན་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1