ཧུང་ཡོན་རྫོང་ཚ་རུ་མ་ཤང་གི་མི་500ལྷག་གིས་ཁོར་ཡུག་གཙང་སྦྲ་དག་ཐེར་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-09


     ཉེ་ཆར། ཧུང་ཡོན་རྫོང་ཚ་རུ་མ་ཤང་གིས་ལས་ཁུངས་ཁག་གི་ལས་བྱེད་པ་དང་བཟོ་བ། དང་བླངས་ཞབས་ཞུ་བ། དམངས་དམག མང་ཚོགས་སོགས་མི་500ལྷག་རྩ་འཛུགས་བྱས་ནས་ད་ཐེངས་ཀྱི་ཁོར་ཡུག་གཙང་སྦྲ་དག་ཐེར་གྱི་བྱེད་སྒོ་ལ་ཞུགས། ལས་བྱེད་པ་དང་མང་ཚོགས། དང་བླངས་པ་སོ་སོས་རྒན་གསོ་ཁང་གི་ལོ་ན་རྒན་པ་དག་ལ་རོགས་རམ་བྱས་ནས་ཁང་པའི་ནང་གཙང་སྦྲ་བྱས་པ་དང་། གད་སྙིགས་གཙང་སེལ་བྱས་པས། རྒན་པོ་ཚོའི་འཚོ་བའི་འགྲོ་འདུག་གི་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། ནུས་པ་ལྡན་པའི་སྒོ་ནས་ཚ་རུ་མ་ཤང་གི་ཁོར་ཡུག་གི་གཙང་སྦྲ་ཇེ་ལེགས་སུ་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1