༄༅།། གུས་ཞབས་དང་འབྲེལ་བའི་འཛེམ་བྱ།

ས་གོང་དབང་འདུས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། བོད་མིའི་ཡུལ་སྲོལ་གོམས་གཤིས་ལས་བཏུས། སྤེལ་དུས། 03-21


    བོད་མི་རྒན་པར་བརྩི་བཀུར་དང་གཞོན་པར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད།  དཔེར་ན་རང་ལས་རྒན་པའི་མིར་སྐད་ཆ་ཤོད་སྐབས་ངེས་པར་དུ་ཞེ་ས་ཞུ་དགོས་ཤིང་།  རྒན་པའི་མཚན་ནས་འབོད་སྐབས་དེ་ཡི་རྗེས་སུ་ལན་ཞུ་ཚེ།   ལགས་སོ།  ཞེས་པའི་གཏམ་སྔོན་དུ་བསྣན་ནས་བརྩི་བཀུར་དང་ཞུས་ཞབས་མཚོན་པར་བྱེད་པ་ལས།   གང་གི་གཏམ་ལ་ལན་ཐད་ཀར་འདེབས་པའི་སྲོལ་མེད་པ་དང་།   ལམ་དུ་ཞུགས་སྐབས་མི་གཞན་གྱི་སྔོན་ལ་ཧབ་ཐོབ་བརྒྱབ་ནས་འགྲོ་སྐྱོད་མི་བྱེད་པ་དང་།   མི་ཚང་གཞན་གྱིས་ཁྱིམ་ནང་གདན་ལ་བཞུགས་ཚེ་སྐྱིལ་ཀྲུང་མ་བཅས་པར་རྐང་བརྑྱངས་ལག་བརྐྱངས་སུ་མི་འདུག་པ།    མི་མང་འཛོམས་སར་རྟུག་དྲི་མི་གཏོང་བ།   གད་རྒྱག་སྐབས་ཕྱག་མ་ལག་ཏུ་མི་སྤྲོད་པ།  འགྲུལ་པ་ཐོན་མ་ཐག་གད་ཕྱིས་མི་བྱེད་པ།  མི་གཞན་གྱིས་རྒྱབ་ཏུ་ཐུ་ལུད་མི་རྒྱག་པ།  བུད་མེད་ཀྱི་དཔང་གདན་མི་གདབ་པ།  གལ་སྲིད་དེ་དག་ལ་དོ་སྣང་མ་བྱས་ཚེ་སྤྱོད་པར་བག་མེད་དུ་སོང་ནས་རྒྱུན་ལྡན་གྱིས་འཛེམས་བྱ་སྣང་མེད་དུ་གཏང་ན་མི་གཞན་གྱིས་འཕྱ་སྨོད་་དང་ངན་ལྟས་ཆེ་ཤོས་ཀྱི་གྲས་སུ་བརྩི་བ་ཡིན།   གཞན་ཡང་རྒན་པ་དང་།  དབང་པོ་སྐྱོན་ཅན།   བསོད་སྙོམས་སློང་མཁན་སོགས་ལ་རོགས་རམ་དང་དགེ་སྦྱོར་སྦྱིན་བྱེད་པ་ལས།  མཐོང་ཆུང་དང་གཤེགགཤེ་གཏོང་བའི་རིགས་ནི་མ་རབས་ཐ་ཤལ་གྱི་སྤྱོད་ངན་ལ་བརྩིས་ནས་རྒྱུན་དུ་ཀུན་གྱིས་འཛེམ་པར་བྱ་བའི་རྒྱུ་ཡིན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1