ཚུའེ་པའོ་ཧྭ་ཡིས་སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་གི་གནས་སྤོར་གསར་སྐྲུན་ལས་ཀར་རྟོག་ཞིབ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-01


    སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གྱི་ཆེས་མཐོ་བའི་སློབ་གླིང་ཡིན། སློབ་གླིང་གི་གནས་སྤོར་གསར་སྐྲུན་ལས་གཞི་འགོ་ཚུགས་པ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་ནས་ཚད་མཐོ་བའི་མཐོང་ཆེན་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཐེངས་མང་པོར་མཆན་དངམཛུན་སྟོན་གནང་། སྤྱི་ཟླ་3པའི་ཚེས་30ཉིན། ཞིང་ཆེན་ཏང་ཨའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་ཁྱེར་ནས་ཁྲེན་ཏུའུ་གྲོང་ཁྱེར་ཕི་རྫོང་དུ་སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་གི་གནས་སྤོར་གསར་སྐྲུན་ལས་ཀར་རྟོག་ཞིབ་དང་མཛུབ་སྟོན་གནང་། 
    ཚུའེ་པའོ་ཧྭ་ཡིས་ཡུལ་དངོས་ནས་འཛུགས་སྐྲུན་བྱེད་བཞིན་པའི་སློབ་ཁྲིད་ཐོག་ཁང་དང་སྡོད་ཁང་སོགས་ཀྱི་འཛུགས་སྐྲུན་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་དང་། ཨར་ལས་སྡེ་ཚན་གྱི་ལས་ཀ་བར་འཚམས་འདྲི་གནང་། དེ་མིན་དཀའ་ངལ་དང་བསམ་འཆར་ལ་མཉན་པ་མ་ཟད་ལས་ཀའི་མཐུན་སྦྱོར་ཚོགས་འདུར་གཙོ་སྐྱོང་གནང་། 
    ཚུའེ་པའོ་ཧྭ་ཡིས་སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་ནི་རང་རེའི་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གསོ་སྦྱོང་བྱེད་སའི་རྟེན་གཞི་གཙོ་བོ་ཞིན་ཡིན། བོད་ཡིག་ནང་བསྟན་སློབ་གླིང་ལེགས་པར་བསྐྲུན་པར། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་དང་བོད་ཁུལ་ཡུན་རིང་བརྟན་རླིང་ཡོང་བ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1