ཞི་ཅིན་ཕིང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-21


  སྤྱི་ཟླ་4པའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱིའི་བཀོད་འདོམས་པ་ཞི་ཅིན་ཕིང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་གཟིགས་ཞིབ་གནང་བར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དམག་དོན་ཨུ་ཡོན་ལྷན་ཁང་དང་འཐབ་ཁུལ་གྱི་རིམ་པ་གཉིས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཁོང་གིས་ཏང་གི་གནས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ལྡན་ཅན་དུ་གཏང་བའི་དམིགས་འབེན་གྱིས་སྣེ་ཁྲིད་དེ་གནས་བབ་གསར་པའི་འོག་གི་དམག་དོན་འཐུབ་ཇུས་བྱེད་ཐབས་ལག་བསྟར་བྱེད་པ་དང་། དམག་འཐབ་ལ་ཞིབ་འཇུག་དང་བཀོད་འདོམས་བྱེད་པའི་སྲོག་ཤིང་འགན་ནུས་ལ་དམིགས་ནས་གོམ་གང་མདུན་སྤོས་སྒོས་བསམ་བློ་བཅིང་འགྲོལ་དང་འདུ་ཤེས་སྒྱུར་བཀོད། གསར་སྤེལ་གསར་གཏོད། དཀའ་ངལ་ཁྱད་གསད་བཅས་བྱས་ཏེ་འབད་པ་ཆེན་པོས་བློ་དཀར་དང་དམག་འཐབ་ལ་མཁས་པ། བཀོད་འདོམས་ལ་འཇོན་པ། འཐབ་ན་རྒྱལ་ངེས་པ་བཅས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྡེ་ཁག་འཛུགས་སྐྲུན་དང་། དམག་འཐབ་བབ་བསྟུན། རྒྱུན་རྣམ་འཁོར་སྐྱོད། ཆེད་དམིགས་བཅོས་སྐྱོང་། ཕན་ནུས་མཐོ་བ་བཅས་ཀྱི་འཐབ་ཇུས་དམག་འཐབ་བཀོད་འདོམས་མ་ལག་བཙུགས་ནས་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་ཅན་དུ་གཏང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འདོན་སྤྲོད་བྱ་དགོས་ཞེས་བསྟན།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1