ཞི་ཅིན་ཕིང་གིས་ཡོ་རོབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐོ་སི་ཁི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཁི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13



        སྤྱི་ཟླ་7པའི་ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེབས་བཅོ་བརྒྱད་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་མོལ་དུ་ཞུགས་པའི་ཡོ་རོབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐོ་སི་ཁི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོན་ཁི་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་མཛའ་འབྲེལ་ཆེན་པོ་བཞི་གསར་སྐྲུན་བྱེད་པའི་ཐུན་མོང་གི་ངོས་འཛིན་དེ་ལག་བསྟར་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་གལ་ཆེན་ཐད་ནས་འཐབ་ཇུས་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ལེགས་བཅོས་བྱེད་པ་དང་འཛམ་གླིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་ཕྱིན་པར་ནུས་པ་ཆེན་པོ་འདོན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གིས་སོ་སོའི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ངོས་འཛིན་བྱུང་དགོས་པར་མ་ཟད་འགུལ་སྐྱོད་བྱ་དགོས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏང་དགོས་ཞེས་བསྟན། 
        ཐོ་སི་ཁི་དང་རོན་ཁི་གཉིས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་ཕན་ཚུན་གྱི་བབ་སྟུན་ཉིན་རེར་བཞིན་གཏིང་ཟབ་ཏུ་ཕྱིན་བཞིན་ཡོད་པ་དང་། དེང་སྐབས་ཀྱི་གནས་བབ་འོག་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱ་རྒྱུ་ཧ་ཅང་གལ་ཆེ། དབྱིན་ཇུའི་སྤྱི་བདམས་དང་ཡོ་རོབ་མནའ་འབྲེལ་ལས་ཕྱིར་བུད་པ་དེས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཡོ་རོབ་གླིང་ཕྱོགས་ནས་མུ་མཐུད་དུ་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏང་བ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་གདོང་གཏད་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། དར་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1