ཀན་སུའུ་ཞིང་ཆེན་2016ལོའི་བོད་ལུགས་སྨན་རྫས་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཐེ་བོ་རུ་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-14


       ཉེ་ཆར། ཀན་སུའུ་ཞིང་ཆེན་གྱི་2016ལོའི་བོད་ལུགས་སྨན་རྫས་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཐེ་བོ་རུ་འཚོགས། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཧྥོ་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་།

       བོད་ཁུལ་གྱི་ཞིང་ཆེན་ལྔ་ནས་ཕེབས་པའི་བོད་ལུགས་སྨན་རྫས་ཆེད་མཁས་པས་སྨན་རྒྱུ་དབྱེ་འབྱེད་བྱེད་པ་དང་སྨན་གཤིས་གསལ་འབྱེད་བྱེད་པ། བོད་ལུགས་སྨན་རྫས་ལས་བྱ་གཞག་སྐུལ་འདེད་བཏང་ནས་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ཁྲོད་སྐུལ་འདེད་ཀྱི་ནུས་པ་འདོན་པ་དང་། སྔར་ལས་ལྷག་པའི་སྒོས་མང་ཚོགས་བདེ་ཐང་ལ་ཞབས་ཞུ་བྱ་བ་སོགས་ཀྱི་ནང་དོན་ཐད་ནས་རིག་གཞུང་བགྲོ་གླེང་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1