༄༅།།ཨེ་ཛིའི་ནད་ཡམས་སྔོན་འགོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


   སྔོན་འགྲོ།  རྒྱལ་སྤྱིའི་ཨེ་ཛི་ནད་ཞིབ་འཇུག་ཚོགས་པའི་2010ལོའི་ལོ་འཁོར་སྙན་ཞུ་ནང་དུ།ད་ལྟ་འཛམ་གླིང་ན་ཨེ་ཛི་ནད་ཕོག་མཁན་ཁྲི་3340ལྷག་ཡོད་པ་དང་།ལོ་རེར་མི་ཁྲི་270ལྷག་ལ་འགོས་ནད་འདི་གསར་དུ་ཕོག་བཞིན་པར་གསུངས།ཐེངས་འདིའི་བྱམས་པའི་ཁ་བརྡ་ལེ་ཚན་དུ་གང་འདྲ་ཞིག་ལ་ཨེ་ཙི་ནད་ཟེར་བ་དང་།ནད་འདི་ཇི་ལྟར་ཕོག་པ།ཇི་ལྟར་སྔོན་འགོག་བྱ་དགོས་པའི་སྐོར་ལ་ཁ་བརྡ་བྱ་རྒྱུ་ཡིན།
མདོ་འཛིན་པ།གཟིགས་མོ་བ་ལྷན་རྒྱས།སྐུ་ཁམས་བཟང་།ཁྱེད་རྣམ་པས་དུས་ལྟར་བྱམས་པའི་ཁ་བརྡ་ལེ་ཚན་ལ་གསན་གཟིགས་གནང་བར་དགའ་བསུ་ཞུ།དེང་གི་ཡིག་ཆ་ལྟར་ན།སྤྱི་ལོ་1981ལོར་འཛམ་གླིང་གི་སྟེང་དུ་ཨེ་ཙི་འགོས་ནད་ཐོག་མར་བྱུང་བ་དང་།ད་ལྟའི་བར་དུ་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུགརྒན་ལགས།དོན་ངོ་མར་ཨེ་ཙི་ནད་ཅེས་པ་ཇི་འདྲ་ཞིག་རེད།ནད་མིང་དེ་ནི་ཇི་ལྟར་བྱུང་བ་ཡིན།
   ཐུབ་བསྟན་ཕུན་ཚོགས།སྤྱིར་བཏང“AIDS”དང“HIV”ཟེར་བ་གཉིས་འདུག“AIDS”ནི་ནད་ཀྱིས་ཟིན་ནས་ནད་རྟགས་ཕྱིར་མངོན་པའི་དོན་དང་།དེ་ནི་དབྱིན་ཡིག“Acquired lmmune  Deficiency Syndrome ”ཡི་བསྡུས་མིང་རེད།དེ་ལས་“Acquired”ཟེར་བ་ནི་དགོས་པ་དང་དགོས་མཁོའི་དོན་དང་།“lmmune ”ནི་ནད་ཡམས་སྔོན་འགོག་གི་ལུས་སྟོབས་དང་ནུས་པ་ལ་གོ“Deficiency”ཟེར་བ་ནི་ཉམས་པའི་དོན་དང་།“Syndrome”ནི་འདུས་པའི་ནད་རྟགས་ལ་གོ་དགོས།དེའི་དོན་ཡོངས་སུ་བཀྲལ་ན།མིའི་ལུས་ཟུངས་ཉམས་པའི་ནད་རྟགས་ཞེས་པ་རེད།《གདུགས་དཀར》ཁྲོད་ཀྱི་ཟས་སུ་རླུང་ཟ་བ་དང་།ཟས་སུ་སྲོག་འཕྲོག་པ་ཞེས་པ་དེ་དང་ཆ་འདྲ་བ་རེད།ཨེ་ཙེའི་ནད་འབུ་དེ་ལུས་པོར་ཞུགས་རྗེས་ལོ་ཁ་ཤས་ལ་ཧ་མི་གོ་བ་དང་།དེའི་བར་སྐབས་ལ་“HIV”ཟེར་བ་ཡིན།དེ་ལས“human”ནི་འགྲོ་བ་མིའི་རིགས་ལ་གོ་དགོས་ཤིང་།“immunodeficiency”ནི་མིའི་ལུས་ཟུངས་ཀྱི་སྟོབས་ལ་ཟེར།“ virus”ནི་སྲིན་འབུའི་དོན་རེད།སྤྱིའི་དོན་ནི་མིའི་ལུས་སྟོབས་ཟ་བའི་སྲིན་འབུ་དང་དུག་ནད་ཅེས་པའི་དོན་ཡིན་ཞིང་།དེ་ལུས་པོར་ཞུགས་རྗེས་ལོ་བཞི་ལྔ་ཙམ་ལ་ཤེས་ཐུབ་པ་མིན།“HIV”ལ་མཚོན་ན་ནད་ཡོད་པ་ལས་ཧ་གོ་བ་མ་རེད།དེང་གི་འཕྲུལ་ཆས་ཀྱིས་བརྟག་བཤེར་ལས་ཤེས་པ་མ་གཏོགས་གཞན་པས་ཤེས་ཐུབ་ཀྱི་མེད།ཨེ་ཙེ་ནི་ནད་རྟགས་ཕྱིར་ལ་མངོན་ཡོད་པ་མ་ཟད་ན་ཚ་དང་།ལུས་ཐོག་ཏུ་རྨ་ཡོད་པ།སྟོབས་ཉམས་པ།སྐམ་པོར་གྱུར་བ་སོགས་ནད་རྟགས་ཆ་ཚང་ལྡན་པ་དེ་ལ་ཟེར།དེའི་ནད་འབུ་གསོད་པའི་ཐད་ལ་ལོ་རེར་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་མང་བོ་བཏང་ནས་ནད་འབུ་གསོད་སྤྱད་ཀྱི་སྨན་རྫས་དང་ཐབས་ཤེས་འཚོལ་བཞིན་ཡོད་ནའང་།ད་ལྟའི་བར་དུ་སྨན་རྫས་དེ་རྙེད་མི་འདུག
   མདོ་འཛིན་པ།ཨེ་ཛི་ནི་དབྱིན་ཡིག་ནས་སྒྲ་བསྒྱུར་བྱས་པ་ཨེ་རེད།
   ཆོས་དཔལ་བཟང་པོ།རེད།དཔེ་ཞིག་གི་སྟེང་ནས་ཨེ་ཙེ་བཤད་ན།རིམས་ནད་སྔོན་འགོག་མ་ལག་དེ་འགོག་ར་ལྟ་བུ་རེད།ཨེ་ཙེ་ནད་ཀྱིས་ང་ཚོའི་འགོག་ར་དེ་གཏོར་བྱུང་བས།ནད་སྲིན་འདྲ་མིན་སྣ་ཚོགས་ལུས་པོར་ཞུགས་སྟེ་ནད་རྟགས་མང་བོ་མངོན་ཀྱི་ཡོད།་འཆི་རྐྱེན་ཡང་དེ་དང་འདྲ་བར་སྣ་ཚོགས་འདུགདོན་ངོ་མར་ཚང་མ་ཨེ་ཙེ་ནད་ཀྱིས་འཆི་བའི་ངེས་པ་མེད།ཨེ་ཙེ་ནད་ཀྱིས་རིམས་ནད་སྔོན་འགོག་མ་ལག་གི་འགོག་ར་གཏོར་ཡོད་པས་རིམས་ནད་གཞན་དག་དཔེར་ན་གློ་ཚད་ལྟ་བུ་ཞུགས་ནས་འཆི་བའང་ཡོད།
   མདོ་འཛིན་པ། དེང་སྐབས་ཨེ་ཙེ་ནད་ལ་རྒྱའི་སྤྱིའི་མཉམ་འབྲེལ་ཚོགས་པའི་འཕྲོད་བསྟེན་རྩ་འཛུགས་དང་།རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མང་ཚོགས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ།དུས་མཚུངས་སུ་ཉེན་ཁའང་ཧ་ཅང་ཆེ་བར་འདུགཨེ་ཙེ་ནད་འདི་ང་ཚོའི་བོད་ཀྱི་ས་ཆར་བྱུང་བཞིན་པའི་མཛེ་ནད་དང་ཀླད་ཁྲག་ཤོར་བའི་ནད་སོགས་དང་བསྡུར་ན་ཚབས་ཆེ་བ་ཨེ་རེད།
   ཐུབ་བསྟན་ཕུན་ཚོགས།ད་ལྟའི་བར་དུ་ཨེ་ཙེ་ལ་ཕན་པའི་སྨན་གཅིག་ཀྱང་བཟོས་ཡོད་པ་མ་རེད།མཛེ་ནད་ལྟ་བུར་མཚོན་ན་སྔོན་ཆད་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་སྨན་བཟོ་ཐུབ་མེད་ནའང་།ད་ལྟ་བཟོས་ནས་སྨན་བཅོས་བྱས་ཐུབ་པར་བྱུང་ཡོད།སྔོན་ཆད་མཛེ་ནད་བྱུང་རྗེས་དུར་ཁྲོད་ཀྱི་འགྲམ་དུ་ཁང་བ་ལས་ཏེ་དེར་སྤྱུགས་པ་རེད།ཡིན་ནའང་ཨེ་ཙེ་ནད་ནི་དེ་དང་མི་འདྲ་བར་ནད་དེ་ཕོག་རྗེས་འཆི་དགོས་པ་ལས་བཅོས་སྤྱད་ཀྱི་སྨན་མིག་སྔར་ད་དུང་མེད།ཨེ་ཙེའི་ནད་འགོ་སྟངས་ཀྱི་ཐད་ནས་རྣམ་པ་མི་འདྲ་བ་བཞི་ཡོད།གཅིག་ནི་ཁྲག་ལས་འགོས་པ་རེད།དེ་ནི་སྨན་ཁབ་རྒྱག་དུས་དུག་སེལ་གཙང་སྦྲ་མི་ལེགས་པའམ་དུག་འཐེན་མཁན་ཚོས་སྨན་ཁབ་ཕར་བརྗེས་ཚུར་བརྗེས་ལས་འགོས་པ་ཡིན།འཛམ་གླིང་སྟེང་གི་ཨེ་ཙེའི་ནད་པ་བརྒྱ་ཆའི་བདུན་ཅུ་ཡན་ནི་འགོ་སྟངས་འདི་ལས་འགོས་པར་བཤད།གཉིས་པ་ནི་ཕོ་མོའི་འབྲེལ་བ་ལས་འགོས་པ་ཡིན།ལུགས་མཐུན་མིན་པའི་ཕོ་མོའི་འབྲེལ་བ་བརྒྱུད་ནས་འགོ་བཞིན་འདུགདཔེར་ན་གཞང་འཚོང་མ་སོགས་ལས་འགོས་པ་ལྟ་བུ།གསུམ་པ་ནི་ཨ་མའི་ནུ་མ་བརྒྱུད་ནས་བུ་ཕྲུག་ལ་འགོས་པ་ཡིན།བཞི་བ་ནི་མངལ་སྦྲུམ་པའི་ཨ་མ་ལ་ནད་བྱུང་རྗེས་མངལ་གནས་ཀྱི་ཕྲུ་གུ་ལ་འགོས་པ་དེ་ཡིན།གོང་གསལ་གྱི་འགོ་སྟངས་བཞི་ལས་འཛམ་གླིང་སྤྱིའི་ཆ་ནས་བཤད་ན་ཉེན་ཁ་ཚབས་ཆེན་ནི་དུག་འཐེན་པ་ལས་འགོས་པ་དེ་རེད།ཡིན་ནའང་རང་རེ་བོད་ཀྱི་རིག་གནས་ཐུན་མོང་མ་ཡིན་པའི་དབང་གིས་བོད་དུ་དུག་འཐེན་མཁན་གྱི་མི་ཧ་ཅང་ཉུང་།དེང་སྐབས་ལོ་ཆུང་ཁ་ཤས་ཡོད་ནའང་སྔོན་གྱི་ལོ་རྒྱུས་སྟེང་དུ་ཧ་ལམ་མི་སྲིད་པ་རེད།ངས་ཤེས་པ་ལྟར་ན།བོད་ཀྱི་ཨེ་ཙེ་ནད་པའི་ཁྲོད་ཀྱི་བརྒྱ་ཆའི་བདུན་ཅུའི་ཡན་ཆད་ནི་འཛམ་གླིང་དང་གོ་ལྡོག་སྟེ་ཕོ་མོ་དབར་གྱི་མཐུན་མིན་འབྲེལ་བ་ལས་འགོས་པ་རེད།དེ་ནི་གནད་དོན་ཚབས་ཆེན་ཞིག་ཏུ་འདུག
ཆོས་དཔལ་བཟང་པོ།དུས་རྒྱུན་ང་ཚོས་དོ་སྣང་བྱ་དགོས་པ་ཞིག་ནི།ལོ་ཆུང་ཚོས་ལུས་པོའི་ཤ་སྟེང་དུ་རི་མོ་དང་ཡི་གེ་འབྲི་བ།རྣ་འབིགས་པ།ད་དུང་སྒེར་གྱི་སྨན་ཁང་ཆུང་ཆུང་ནས་ཁའི་སོ་འཛུགས་པ།སོ་རྡོར་བ།སོ་རྩ་འཁྲུད་པ་སོགས་བྱེད་དུས་ཡོ་བྱད་དུག་སེལ་མ་བྱས་པར་ཨེ་ཙེ་ནད་པའི་རྗེས་ནས་ཁྱེད་རང་ལ་བཀོལ་ན་ནད་འབྱུང་སྲིད་པས་དེར་དོ་སྣང་བྱ་དགོས་པར་འདུགདེ་སྔོན་ཡུལ་ཤུལ་དུ་ས་ཡོམ་བྱུང་བའི་སྐབས་དེར་ངས་གྲོགས་པོ་ཚོར་དེ་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་བྱས་མྱོང་།གཞན་པའི་སྲོག་སྐྱོར་སྐབས་རྨ་ཁ་ནང་དུ་ཁྲག་སོང་ན་རང་ཉིད་ལ་ནད་འགོ་སྲིད་པའི་སྐོར་བཤད་པ་ཡིན།
   ཐུབ་བསྟན་ཕུན་ཚོགས།དཔེར་ན་རྒྱལ་ནང་ལྟ་བུར་མཚོན་ན།ཁོ་ཚོའི་རིག་གནས་དབང་གིས་ཕོ་མོ་དབར་གྱི་ལུགས་མཐུན་མིན་པའི་འབྲེལ་བ་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུགང་ཚོ་ནི་དེ་དང་མི་འདྲ་བར་སྔོན་ཆད་ལོ་རྒྱུས་སྟེང་ནས་དེ་ལ་མཐོང་ཆེན་ཆེན་པོ་བྱས་མི་འདུགདེ་ནི་གནད་དོན་ཚབས་ཆེན་རེད།དཔེར་ན།ཨེ་ཙེ་ནད་འགོས་པའི་བུ་ཞིག་གིས་གྲོང་སྡེའི་བུ་མོ་འགའ་ལ་འབྲེལ་བ་བྱུང་བའམ།ཡང་ན་ཨེ་ཙེ་ནད་བྱུང་བའི་བུ་མོ་ཞིག་གིས་བུ་འགའ་ལ་འབྲེལ་བ་བྱུང་རྗེས་ནད་དེ་ནི་ལམ་སང་ཁྱབ་གདལ་འགྲོ་བ་རེད།དེ་བས།ནད་འགོག་སྤྱོད་ཀྱི་ཤུབས་བཀོལ་རྒྱུ་ནི་གལ་ཆེན་པོ་ཡིན།ཡིན་ནའང་གྲོང་གསེབ་ཀྱི་བུ་བུ་མོ་ཚོས་དེ་ནི་ངོ་ཚ་ཞིག་ཏུ་འདོད་བཞིན་ཡོད།དོན་ངོ་མར་དེ་ངོ་ཚ་དགོས་པའི་གནད་ཅིག་མ་རེད།ངེས་པར་དུ་སློབ་གསོ་སྤྲད་ནས་སྤྱོད་དགོས།སྤྱིར་བཏང་འགྲོ་བ་མིའི་རིགས་ཤིག་ཡིན་ན།འདོད་པ་ནི་ལས་སླ་མོས་འགོག་ཐུབ་པ་ཞིག་མ་རེད།ཡིན་ནའང་ཚན་རིག་དང་མཐུན་པའི་བུ་བུ་མོ་འབྲེལ་བ་སྤྱད་ན་ཨེ་ཙེ་ལ་སོགས་ནད་འགོག་པར་ཕན་ཐོགས་པ་མ་ཟད།སོ་སོའི་བདེ་འཇགས་དང་ཕན་ཚུན་ལ་གནོད་སྐྱེལ་མི་འོང་བ་རེད།དེ་བས་ང་ཚོའི་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཚོས་ཕོ་མོ་འབྲེལ་བ་བྱེད་དུས་ངེས་པར་དུ་ཤུབས་བཀོལ་སྤྱོད་བྱ་རྒྱུ་ནི་གལ་ཆེ།ད་དུང་གྲོང་གསེབ་ནས་ཐོན་པའི་ཕོ་གསར་མང་པོ་ཞིག་གིས་གྲོང་ཁྱེར་ནས་གཞང་འཚོང་མ་སོགས་ལ་འབྲེལ་བ་བྱེད་བཞིན་འདུགདེ་ནི་མི་མང་བོ་ཞིག་གིས་ཧ་གོ་མི་འདུག་པ་རེད་མ་གཏོགས་ཉེན་ཁ་ཧ་ཅང་ཆེ་བ་ཡིན།རྒྱུ་མཚན་ནི་ངས་གོང་དུ་བཤད་པ་བཞིན་བརྒྱ་ཆའི་བདུན་ཅུ་བརྒྱད་ཅུ་ཡན་ཆད་ཀྱི་ཨེ་ཙེ་ནད་ནི་ཕོ་མོའི་ལུགས་མཐུན་མིན་པའི་འབྲེལ་བ་ལས་བྱུང་བས་རེད།དེ་བས།ཞིང་འབྲོག་ས་ཁུལ་གྱི་ཕོ་གསར་མོ་གསར་རྣམས་ལ་དེའི་སྐོར་གྱི་སློབ་གསོ་སྤྲད་རྒྱུ་གལ་ཆེ་བར་སེམས།
   ཆོས་དཔལ་བཟང་པོ།ད་དུང་སྐྱོན་ཆ་ཞིག་ཡོད་པ་ནི་བོད་པ་མང་ཆེ་བས་རང་སྟེང་དུ་མཁྲིས་ནད་ལ་སོགས་པའི་ནད་ཅི་ཞིག་ཡོད་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་མེད།ལྷག་པར་དུ་མཚན་མ་དང་ཁོག་སྨད་ལ་འབྲེལ་བའི་ནད་བྱུང་ཚེ།བུ་མོ་ལ་ལས་འཆི་དགོས་རུང་གཞན་ལ་བསྟན་མི་རུང་བའི་འདུ་ཤེས་ཆགས་ཡོད་པ་རེད།སྤྱིར་བཏང་ནད་ཕལ་ཆེར་ནི་ཆུང་དུས་སྨན་བཅོས་བྱེད་ཐུབ་པ་ཡིན།དཔེར་ན་རེག་དུག་སོགས་ནི་བཅོས་ཐབས་ཡོད་རུང་དུས་འགྱངས་བྱས་ཚེ།ཆེས་མཐའ་མཇུག་བཅོས་ཐབས་དཀའ་བའི་ཚད་ལ་སླེབས་ངེས།རྒན་ལགས་ཀྱིས་གསུངས་བ་བཞིན་ཨེ་ཙེ་ནད་ཀྱི་འགོ་ཐབས་ཆེས་ཉེན་ཁ་ཆེ་བ་ནི་སྨད་འཚོང་མ་སོགས་ལ་འབྲེལ་བ་བྱས་པ་ལས་འགོས་པ་དེ་རེད།ད་དུང་མཚན་མ་སོགས་ཀྱི་ནད་ཁ་ཤས་ནི་སྲུང་ཤུབས་སྤྱད་རུང་ཕན་ཐོགས་མེད་པར་བཤད།དཔེར་ན་མཚན་མའི་གཡས་གཡོན་དུ་རྨ་ཡོད་པ་ལྟ་བུ།དེ་བས།གཙོ་ཆེ་བ་ནི་དུས་རྒྱུན་གྱི་གཙང་སྦྲ་སོགས་ལ་དོ་སྣང་བྱ་དགོས་པ་དང་།སྲུང་ཤུབས་བཀོལ་སྤྱོད་སོགས་ཀྱི་ངོ་ཚ་དགོས་མིན་གྱི་དོན་དག་རྣམས་དབྱེ་བ་གསལ་འབྱེད་བྱ་དགོས་པ་རེད།
   མདོ་འཛིན་པ། སྤྱིར་བཏང་བོད་མིའི་བཤད་ལུགས་ལ།མི་ལ་ངོ་ཚ་མེད་ན་ཁྱི་ཡིན།ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཞེས་ཕ་མ་དང་ཉེ་འབྲེལ་དབར་ལ་སྐད་ཆ་དང་བྱ་བ་སྤྱོད་པ་སོགས་ཀྱི་ཐད་ནས་འཛེམ་བྱ་མང་བོ་ཡོད།དེ་མ་ཟད་རྒན་རྣམ་པས་གསུངས་བ་བཞིན་ན་ཚ་སོགས་ཡོད་མེད་མི་ཤེས་བ་དང་།ཤེས་ཀྱང་ཤོད་མི་ཐུབ་མཁན།ད་དུང་ཁོར་ཡུག་གི་ཆ་རྐྱེན་སོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་སོགས་གནད་དོན་གང་མང་ལྷག་ཡོད་པ་རེད།འོན་ཀྱང་ནད་འབྱུང་བར་སྔོན་འགོག་དང་བྱུང་ཟིན་པའི་ནད་ལ་བརྟག་བཅོས་བྱ་རྒྱུ་ནི་ངོ་ཚ་མི་དགོས་པའི་གནད་ཡིན་པ་མ་ཟད་བསྒྲུབ་འོས་པ་ཞིག་ཀྱང་རེད།
   ཐུབ་བསྟན་ཕུན་ཚོགས།དེང་སང་རྒྱལ་ཁབ་ཀྱིས་ནད་ཡམས་སྔོན་འགོག་དང་།ལྷག་པར་དུ་ཨེ་ཙེ་ནད་ཀྱི་སྔོན་འགོག་ཐད་ལ་དོ་སྣང་དང་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད།ཡིན་ནའང་ང་ཚོའི་གྲོང་གསེབ་ཀྱི་མི་མང་ཆེ་བས་ནད་དེ་དག་གི་ཉེས་དམིགས་ཇི་འདྲ་ཡིན་པ་ཤེས་ཀྱི་མེད།དེ་བས་ཁོ་ཚོར་སློབ་གསོ་སྤྲད་རྒྱུ་དང་སློབ་སྟོན་གནང་རྒྱུ་ནི་གལ་ཆེན་པོ་རེད།དཔེར་ན་རྒྱལ་ཁབ་ཀྱིས་འཕྲིན་ཐུང་ལམ་ནས་བརྟག་དཔྱད་དང་སྨན་གྱིས་རོགས་རམ་བྱ་རྒྱུ་ལྟ་བུ།ལྷག་པར་དུ་དེང་སྐབས་ཕྱི་རྒྱལ་ནས་ཐོན་པའི་སྨན་གསར་པ་ཡོད་པ་དང་།སྨན་དེར་མཚོན་ན་ཐད་ཀར་ཨེ་ཙེ་ནད་བཅོས་མི་ཐུབ་ནའང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པ་རེད།དཔེར་ན་འཆི་ཐག་ལོ་ལྔ་ཡིན་ན་ལོ་བཅུའི་རིང་དུ་གཏོང་ཐུབ་པ་དང་།འཆི་ཐག་ལོ་བཅུ་ཡིན་ན་ལོ་བཅོ་ལྔར་གཏོང་ཐུབ།སྤྱིར་བཏང་སྨན་དེ་དག་ཉོ་དགོས་ན་རིན་གོང་ཧ་ཅང་མཐོ་ནའང་དེང་སང་རྒྱལ་ཁབ་ཀྱིས་ཨེ་ཙེ་ནད་པ་རྣམས་ལ་རིན་པ་མི་ལེན་པར་སྤྲོད་བཞིན་འདུགཁོ་ཚོས་དེ་དག་ཧ་གོ་དགོས་པ་རེད།ཨེ་ཙེའི་ནད་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་ནའང་ནད་པའི་སྟེང་ནས་ང་ཚོར་ལས་སླ་མོས་འགོས་ཐུབ་པ་མ་རེད།དེ་བས་ཨེ་ཙེ་ནད་པ་ལ་རོགས་སྐྱོར་བྱ་རྒྱུ་ནི་གལ་ཆེན་པོ་འདུགཨེ་ཙེ་ནད་པ་ལ་ང་ཚོས་རྒྱུན་ལྡན་གྱི་འབྲེལ་བ་བཟུང་དགོས་པ་ལས་སྔོན་ཆད་ཀྱི་མཛེ་ནད་བཞིན་འབྲེལ་བ་བཅད་ན་འགྲིག་པ་མ་རེད།མཛེ་ནད་ནི་མཉམ་དུ་བསྡད་ན་ཕན་ཚུན་འགོ་ཐུབ་པ་རེད།འོན་ཀྱང་ཨེ་ཙེ་ནད་ནི་མཉམ་དུ་བསྡད་ན་འགོ་མི་ཐུབ་པ་མ་ཟད།ཟ་མ་མཉམ་ཟ་བྱེད་ནའང་འགོ་ཐུབ་པ་མ་རེད།ཨེ་ཙེ་ནད་པ་ནི་རྒྱུན་ལྡན་གྱི་མི་དང་འདྲ་བ་ཡིན།ཨེ་ཙེ་ནད་ནི་ཁོ་རང་གི་ཉེན་ཁ་ཞིག་ཡིན་པ་ལས་རྒྱུན་ལྡན་གྱི་མི་ལྟར་འབྲེལ་འདྲིས་བྱེད་ན་ཉེན་ཁ་མི་འདུགདེ་བས་ཨེ་ཙེ་ནད་པ་ལ་བསམ་བློ་དང་འཚོ་བ་ཕྱོགས་ནས་རོགས་རམ་བྱ་རྒྱུ་གལ་ཆེ།སྔོན་ཆད་ང་ཚོའི་ཨེ་ཙེ་ནད་ཀྱི་སྔོན་འགོག་ཚོགས་པ་འཛུགས་དུས་འཆར་གཞི་གསུམ་བཏོན་པ་ཡིན།དང་པོ་ནི་སློབ་གསོ་སྤྲད་རྒྱུ་དེ་ཡིན།གྲོང་གསེབ་ཏུ་ཨེ་ཙེ་ནད་ཀྱི་ཚབས་ཆེན་རང་བཞིན་ཁྱབ་བསྒྲགས་བྱས་སྟེ་སྔོན་འགོག་བྱ་རྒྱུ་དང་།ལྷག་པར་དུ་ཕོ་མོ་འབྲེལ་བ་བྱེད་སྐབས་སུ་སྲུང་ཤུབས་སྤྱད་ནས་ཨེ་ཙེ་ནད་སྔོན་འགོག་བྱེད་པའི་སྐོར་ཁྱབ་བསྒྲགས་དང་ཁྱབ་གདལ་དུ་གཏོང་རྒྱུ་དེ་རེད།གཉིས་པ་ནི་ཇི་ལྟར་ཨེ་ཙེ་ནད་པ་ལ་བདག་སྐྱོང་བྱ་རྒྱུ་སྐོར་ཡིན།ང་ཚོ་བོད་པ་ནི་ཆོས་ལ་དད་པ་ཡོད་པས།ཁོ་རང་དགོན་པར་བསྡད་ཆོག་པ་དང་།ཡང་ན་གྲོང་སྡེ་གང་ནས་བསྡད་རུང་ཁོ་རང་གི་མོས་པ་ལྟར་ང་ཚོས་རོགས་རམ་བྱེད་ན་ཆོས་འདོན་རྒྱུ་དང་རྩེད་མོ་རྩེ་རྒྱུ་ཡོད་པ་ཡིན།དེ་མིན་ད་དུང་ཁོ་རང་ལ་མོས་པ་ཡོད་ན་འོས་འཚམ་གྱིས་ལག་ཤེས་ཀྱི་ལས་ཀ་སོགས་བཀོད་སྒྲིག་བྱེད་ཆོགདེས་ཁོ་རང་གི་འཚོ་བ་དང་བསམ་བློ་ཕྱོགས་གང་ཐད་ནས་ཕན་ཐོགས་པ་རེད།ཨེ་ཙེས་ཟིན་པའི་ནད་པ་ལ་སྐྲག་དགོས་དོན་མི་འདུག་སྟེ།དཔེར་ན་སྔོན་ཆད་ང་རང་དབྱི་ཐ་ལི་རུ་ཡོད་པའི་སྐབས་སུ་ནམ་མཁའ་ནོར་བུའི་ཆོས་ཚོགས་ཤིག་ཡོད་ལ།དེའི་ནང་དུ་མི་ཉི་ཤུ་སུམ་ཅུ་ལྷག་ཡོད་པ་དང་མཉམ་དུ་ཟླ་བ་གཅིག་རིང་ལ་བསྡད་པ་ཡིན།ཉིན་མོར་ཁོ་རང་ཚོ་ལས་ཀར་འགྲོ་བ་དང་།དགོང་མོ་རེས་མོས་ཀྱིས་ཟ་མ་ལས་ནས་མཉམ་དུ་ཟ་བཞིན་ཡོད།དེའི་ཁྲོད་དུ་ཨེ་ཙེ་ནད་ཕོག་པའི་སྐྱེས་མ་ཞིག་ཡོད་པ་དང་།ཉིན་ཞིག་རེས་མོས་ལྟར་མོ་རང་གིས་ལས་པའི་ཟ་མ་ཟ་སྐབས་ང་རང་ཅུང་ཙམ་དོགས་པ་ཡིན།ཁོ་ཚོ་ནི་སྣང་དོགས་ཅི་ཡང་མེད་པར་ཟ་བཞིན་འདུགང་རང་ནི་ཤར་ཕྱོགས་ནས་འོང་བ་ཡིན་པས་སྔོན་ཆད་ནས་ཨེ་ཙེ་ལ་སྐྲག་པ་དང་།ལྷག་པར་དུ་དེ་རིང་གི་ཟ་མ་ནི་ཨེ་ཙེ་ནད་པ་ཞིག་གིས་ལས་པ་ཡིན་སྟབས་ཟ་མ་བཟའ་དུས་ཅུང་ཙམ་སྐྲག་བྱུང་བ་ཡིན།ཡིན་ནའང་རྗེས་ནས་ག་ལེར་ཕན་ཚུན་འདྲིས་པ་དང་།ཨེ་ཙེ་ནད་པ་མང་བོར་འབྲེལ་འདྲིས་བྱས་ནས་ནད་ལུགས་ཤེས་རྗེས་དེར་སྣང་དོགས་ཅི་ཡང་མི་འདུགདཔེར་ན་ཨེ་ཙེ་ཡོད་མཁན་གྱི་བཟའ་ཟླ་ཞིག་ལ་མཚོན་ན།གལ་ཏེ་ཕོ་མོའི་འབྲེལ་བ་མེད་ན་མཉམ་དུ་ཉལ་བསྡད་ནའང་ཕན་ཚུན་འགོ་ཐུབ་པ་མ་རེད།དེའི་སྟབས་ཀྱིས་སྤྱི་ཚོགས་སྟེང་དུ་ཨེ་ཙེའི་ནད་པ་ལ་རོགས་རམ་བྱ་རྒྱུ་ནི་གལ་ཆེ་བར་སེམས།
ཆོས་དཔལ་བཟང་པོ། རེད། ཨེ་ཙེ་ནད་ལ་མཚོན་ན།ཟ་མ་མཉམ་དུ་བཟས་ན་སྐྱོན་མེད་པ་མ་ཟད།མཉམ་དུ་རྩེད་མོ་རྩེ་བའམ་མཉམ་དུ་ཁ་བརྡ་དང་ལག་འཇུ་སོགས་བྱས་རུང་འགོ་ཐུབ་པ་མ་རེད།དེང་སྐབས་རིན་པ་མི་དགོས་པ་བཞི་ལས།གཅིག་ནི་ཨེ་ཙེ་ནད་ལ་ཞིབ་བཤེར་བྱེད་དུས་རིན་པ་མི་དགོས་པ་དང་།གཉིས་པ་ནི་ཨེ་ཙེ་ནད་བྱུང་རྗེས་ཁྱབ་མཆེད་གེགས་འགོག་གི་སྨན་ལ་རིན་པ་མི་དགོས།གསུམ་པ་ནི་མངལ་སྦྲུམ་པའི་ཨ་མ་ལ་ནད་བྱུང་རྗེས་མངལ་གནས་ཀྱི་ཕྲུ་གུ་ལ་སྔོན་འགོག་གི་དཔྱད་བཅོས་བྱེད་པར་རིན་པ་མི་དགོས།བཞི་བ་ནི་ཕ་མ་ཨེ་ཙེ་ནད་ལས་འདས་ནས་ཕྲུ་གུ་དྭ་ཕྲུག་ཏུ་གྱུར་ན་རྗེས་ཕྱོགས་ཀྱི་སློབ་ཡོན་སྤྲད་མི་དགོས་པ་རེད།ང་ཚོའི་བོད་ཁུལ་དུ་ཨེ་ཙེ་ནད་ཁྱབ་མཆེད་ཆེན་པོ་སོང་མེད་པའི་སྔོན་ལ།གྲོང་གསེབ་ཀྱི་སྨན་པ་དང་།བླ་སྤྲུལ།འགོ་ཁྲིད་དང་དགེ་རྒན་སོགས་ཀྱིས་དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ལ་ཨེ་ཙེ་ནད་ཀྱི་ཚབས་ཆེན་རང་བཞིན་དང་སྔོན་འགོག་གི་ཤེས་བྱ་ངེས་པར་བྱས་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
མདོ་འཛིན་པ།གོང་དུ་རྒན་རྣམ་པ་གཉིས་ཀྱིས་གསུངས་པ་བཞིན།ཨེ་ཙེ་ནད་ནི་སྤྱི་ལོ་1981ལོར་ཐོག་མར་བྱུང་བ་ནས་ད་ལྟའི་བར་དུ་ལོ་ངོ་སུམ་ཅུ་ལྷག་འགོར་སོང་བ་རེད།འཛམ་གླིང་གི་ས་ཆ་སོ་སོར་ནད་པ་ལོ་རེར་བཞིན་ཇེ་མང་དུ་འགྲོ་བཞིན་འདུགཡིན་ནའང་།རང་ཅག་བོད་པ་ཁ་ཤས་ཀྱིས་ང་ཚོ་ནི་ཆོས་ལྡན་ཞིང་ཁམས་ནས་ཡིན་ཞིང་རི་མཐོ་ས་གཙང་ཡིན་པས།ནད་རིགས་དེ་དག་འགོ་མི་ཐུབ་པར་འདོད།དོན་ངོ་མར་ང་ཚོ་བོད་ཁུལ་དུ་ཨེ་ཙེ་ནད་ཀྱི་ཉེན་ཁ་མེད་པ་དེ་འདྲ་ཡིན་སྲིད་རྒྱུ་མ་རེད།
ཐུབ་བསྟན་ཕུན་ཚོགས།མ་རེད།ཨེ་ཙེ་ནི་ང་ཚོའི་མཐོ་སྒང་ནས་མགོ་ཡུ་འཁོར་བ་མ་རེད།བོད་ཁུལ་དུ་དེ་ལས་ལྡོག་སྟེ་ཚབས་ཆེན་པོ་གྱུར་འདུགའགྲིམ་འགྲུལ་སྟབས་བདེ་མིན་པ་དང་།སློབ་གསོ་མེད་པ།ཕོ་མོའི་དབར་གྱི་ལུགས་མཐུན་མིན་པའི་འབྲེལ་བར་དོ་སྣང་མི་བྱེད་པ་བཅས་ཀྱིས་ང་ཚོའི་བོད་ཁུལ་ནི་ས་གནས་གཞན་དག་ལས་ཀྱང་ཉེན་ཁ་ཚབས་ཆེན་དུ་གྱུར་འདུགད་སྐབས་རང་རེའི་རྒྱལ་ཁབ་ཀྱིས་ཨེ་ཙེ་ནད་ཀྱི་སྔོན་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་རེད།དཔེར་ན་དཀར་མཛེས་མི་རིགས་ས་ཁུལ་ལ་མཚོན་ན།ཨེ་ཙེ་ནད་ཡམས་སྔོན་འགོག་བྱ་བར་སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད་ཆེས་སྔ་ཤོས་དང་ལེགས་ཤོས་ཀྱང་རེད།དཀར་མཛེས་ཁུལ་གྱི་རིམས་ནད་སྔོན་འགོག་དང་འཕྲོད་བསྟེན་ལས་ཁུངས་སོགས་ཀྱིས་ཐེངས་མང་ལ་འདིའི་སྐོར་གྱི་བྱ་བ་བསྒྲུབས་འདུགལྷག་པར་དུ་སྤྱི་ལོ་2009ལོར་ང་རང་ཨ་མེ་རི་ཁར་ཡོད་དུས།དྲ་ཐོག་ནས་གསར་འགྱུར་ཞིག་མཐོང་བ་ནི་ཁོ་ཚོས་མགྲོན་ཁང་དང་ཟས་ཁང་འགྲམ་སོགས་མི་མང་འདུས་ས་དང་ཉེན་ཁའི་ས་ཆར་དམིགས་བསལ་གྱིས་ཨེ་ཙེའི་ནད་པ་ཡོད་མེད་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་།དེ་བཞིན་བོད་སྨན་གྱི་ཨེ་ཙེ་ནད་ཡམས་སྔོན་འགོག་གི་ཁྲིམས་མཐུན་ཚོགས་པ་ཐེངས་དང་པོ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་བཙུགས་པ་རེད།མིག་སྔར་གྲངས་ཉུང་མི་རིགས་ས་ཁུལ་དང་ལྷག་པར་དུ་བོད་རིགས་ས་ཁུལ་དུ་ཨེ་ཙེ་ནད་ཡམས་སྔོན་འགོག་གི་བྱ་བ་སྒྲུབ་མཁན་ཡག་ཤོས་དེ་དཀར་མཛེས་ཁུལ་སྲིད་གཞུང་དང་འཕྲོད་བསྟེན་ལས་ཁུངས་ཡིན་པར་སེམས།
   མདོ་འཛིན་པ། གལ་ཏེ་མི་ཞིག་ལ་ཨེ་ཙེ་ནད་ཕོག་པ་ཡིན་ན་དེའི་ནད་རྟགས་ཅི་ཞིག་མངོན་པ་རེད།
   ཐུབ་བསྟན་ཕུན་ཚོགས།སྤྱི་ལོ་1995ལོར་དབྱིན་ཇི་ནས་བུད་མེད་ནད་པ་ཞིག་མཐོང་པ་དེ་ནི་ནད་རྟགས་ཆེ་ཤོས་ཡིན་པར་སེམས།ཁོ་མོས་ལོ་22སྟེང་རང་ཉིད་ལ་ནད་ཡོད་པ་ཤེས་ཏེ་གཟན་ཤམ་གྱོན་ནས་བཙུན་མ་བྱས་པ་རེད།ང་རང་འགྲོ་དུས་ཁོ་མོ་ལོ་31ཡིན་པ་དང་།ཨེ་ཙེ་ནད་ཀྱིས་ན་ནས་ལོ་བཅུ་འགོར་ཡོད་པ་མ་ཟད་ལུས་པོའི་ཤ་ཟུང་སྐམ་ནས་དཔྱིད་ཀའི་ཟོག་རོ་ལྟར་གྱུར་འདུགལུས་སྟེང་དུ་རུས་སྒྲོན་འཐུམ་སྤྱད་ཀྱི་སྐྱི་ལྤགས་ཁོ་ན་མ་གཏོགས་ལྷག་མི་འདུག་ལ།ཕར་འགྲོ་ཚུར་འོང་བྱེད་དུས་ཨ་ཕ་དང་ཕུ་བོས་སྐྱོར་ནས་འགྲོ་བཞིན་འདུགསྐབས་དེར་ང་རང་དབྱིན་ཇིའི་བསམ་ཡས་གླིང་ཟེར་བའི་དགོན་པར་ཡོད།དེ་དུས་སི་ཏུ་རིན་པོ་ཆེ་དགོན་པ་དེར་ཕེབས་ཡོད་པས་ཁོ་ཚོ་མཇལ་དུ་འོང་བ་རེད།སི་ཏུ་རིན་པོ་ཆེས་ཁོ་ཚོར་བོད་ཀྱི་སྨན་པ་ཞིག་ཡོད་པ་དེའི་མདུན་དུ་སོང་ཞེས་གསུངས་པས།ཚང་མ་ངའི་མགྲོན་ཁང་ཆུང་བ་དེའི་ནང་དུ་སླེབས་པ་དང་།སྐབས་དེར་ང་རང་སྐྲག་སྣང་ཅུང་ཙམ་སྐྱེས་བྱུང་།བུ་མོ་དེ་ན་ནས་ལོ་མང་པོ་འགོར་ཡོད་པས།སྐབས་འགར་དྲང་མོར་བསྡད་ནའང་ཅུང་ཙམ་འགོར་རྗེས་ཁ་ནས་ཝུ་བ་སོགས་བསྐྱུགས་ནས་རང་བཞིན་གྱིས་མར་ལོག་འགྲོ་བ་མ་ཟད།མིའི་རང་ཚུགས་དེ་ཧ་ལམ་མེད་པར་གྱུར་འདུགཁ་ཤས་ནི་དེ་ལས་ཀྱང་སྡུག་པོར་གྱུར་ཏེ་ལུས་པོར་རྨ་བྱུང་ནས་ཤ་ལྤགས་རུལ་བའི་གནས་ཚུལ་འདུགཡིན་ནའང་བུ་མོ་དེའི་ལུས་ཐོག་ཏུ་རྨ་སོགས་ཅི་ཡང་མི་འདུག་པ་མ་ཟད་འཆི་རན་དུའང་ཐོན་ཡོད་པ་རེད།དེ་ནས་ཅུང་ཙམ་བསྡད་རྗེས་ཡང་ཁ་ནས་ཝུ་བ་བསྐྱུགས་ནས་མར་ལོག་འགྲོལུས་སྟེང་གི་ཟུང་ཚང་མ་ཉམས་ཚར་འདུགཨེ་ཙེ་ནད་ཀྱིས་ན་རྗེས་ལུས་པོའི་སྟོབས་ཇེ་ཆུང་དུ་གྱུར་ནས་རིམ་བཞིན་ཉམས་དམས་སུ་འགྲོ་བ་དང་།རྨ་བྱུང་ནས་ལུས་པོ་རུལ་འགྲོ་བ་རེད།
ཆོས་དཔལ་བཟང་པོ།ས་ཆའི་ཁྱད་པར་དབང་གིས་ནད་ཡམས་སྔོན་འགོག་ཐད་ལ་སྨན་འདྲ་མིན་གནང་རྒྱུ་ཡོད་ནའང་།ཨེ་ཙེའི་ནད་ཕོག་ཚེ་རིམས་ནད་གཞན་པ་མ་འགོས་རུང་སྐམ་ནས་འཆི་འགྲོ་བར་བཤད།ནད་ཡམས་གཞན་པ་འགོས་ཚེ་གློ་གཅོང་དང་མཆིན་ཚད་སོགས་ནད་ཀྱི་ཁྱད་གཤིས་མངོན་ནས་འཆི་བའང་ཡོད།
  མདོ་འཛིན་པ། རེད། ཁྱེད་ཀྱིས་གོང་དུ་བཤད་པ་བཞིན་ཨེ་ཙེའི་ནད་བྱུང་ཚེ་ནད་ཡམས་གཞན་པ་འགོག་པའི་ནུས་པ་ཤོར་འགྲོ་བ་དང་།ནད་ཡམས་གཞན་པ་འགོ་སླ་མོ་རེད།
   ཆོས་དཔལ་བཟང་པོ།ཨེ་ཙེའི་ནད་པའི་ཁྲོད་ཀྱི་བརྒྱ་ཆའི་བདུན་ཅུ་ནི་ནད་ཡམས་གཞན་པས་འཆི་བར་བཤད།བརྒྱ་ཆའི་སུམ་ཅུ་ནི་རིམས་ནད་སྔོན་འགོག་གི་སྨན་སོགས་འཐུང་སྟེ་ཤ་རུལ་ནས་འཆི་བ་ཡིན།
   ཐུབ་བསྟན་ཕུན་ཚོགས།ཕྱི་རྒྱལ་ལྟ་བུར་མཚོན་ན།ཨེ་ཙེ་ནད་བྱུང་ནས་ལོ་ཉི་ཤུ་ལྷག་ལ་འཚོ་སྡོད་བྱས་པའི་ནད་པ་ཡོད་ལ།ད་ལྟའང་འཚོ་སྡོད་བྱས་ཡོད་པ་རེད།ཡིན་ནའང་ང་ཚོའི་བོད་ཀྱི་ས་ཆར་མི་འདུགང་རང་གིས་ཤེས་པ་ལྟར་ན།དཀར་མཛེས་ཁུལ་གྱི་ཨེ་ཙེའི་ནད་པ་ཆེས་རིང་ན་ལོ་བཞི་ལྔ་ཙམ་ལས་སྡོད་ཐུབ་པ་མ་རེད།ས་ཆའི་ཁྱད་པར་དབང་གིས་མཐོ་སྒང་ནས་ཨེ་ཙེའི་ནད་སྡོད་ཐུབ་པ་ཡིན་ནའང་ཨེ་ཙེའི་ནད་པ་སྡོད་ཐུབ་པ་མ་རེད།
   ཆོས་དཔལ་བཟང་པོ།དེ་ནི་དབྱང་རླུང་སྲབ་པའི་རྒྱུ་རྐྱེན་ཡིན་སྲིད་སྙམ།སྨན་ཡིག་ཁྲོད་དུ་མགོ་ན་བ་དང་ཚ་རྒྱག་པ།རྨ་འབུར་བྱུང་བ།ཕོ་བ་བཤལ་བ་སོགས་བྱུང་ན་ལུས་པོ་སྐམ་པར་འགྲོ་བར་གསུངས།སྔོན་ཆད་ནད་པ་ཞིག་ཡོད་པ་དུས་ཚོད་གཉིས་རེ་ནང་དུ་ཕོ་བ་ཐེངས་རེ་བཤལ་འཇོག་པས་ལུས་ཟུང་ཉམས་ཚད་ཅུང་མགྱོགས་པར་འདུག
   ཐུབ་བསྟན་ཕུན་ཚོགས།བོད་སྨན་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་སྨན་གྱིས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་རྒྱུ་དང་ཨེ་ཙེའི་ནད་པ་ལ་ཕན་ཐོགས་ཐུབ་པའི་རེ་བ་ཡོད།ཞིབ་འཇུག་ཡག་པོ་བྱས་ན་ཐོགས་སྲིད་པ་རེད།དེང་སང་འཛམ་གླིང་གི་ཅ་ལག་ཡོད་ཚད་བཀོལ་ནས་ཨེ་ཙེ་སྨན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་།ལོ་ངོ་སུམ་ཅུའི་ནང་དུ་མེ་སྒོར་དུང་ཕྱིར་མང་བོ་བཏང་ཟིན་པ་རེད།འོན་ཀྱང་།ང་ཚོའི་མདོ་དབུས་མཐོ་སྒང་གི་རྩྭ་སྨན་དེ་ཨེ་ཙེའི་ནད་སྟེང་ལ་བེད་སྤྱོད་བྱས་མེད་པས།ཚན་རིག་པ་དང་མཉམ་དུ་བོད་ཀྱི་རྩྭ་སྨན་ཐད་ལ་ཞིབ་འཇུག་བྱས་ན་འབྲས་བུ་འབྱུང་སྲིད་པར་འདོད།
   མདོ་འཛིན་པ།ཁྱེད་རང་གིས་བལྟས་ན།ཨེ་ཙེའི་ནད་སྔོན་འགོག་བྱེད་སྐབས་མཉམ་འཇོག་བྱ་དགོས་ས་གང་དག་ཡོད་པ་རེད།
   ཆོས་དཔལ་བཟང་བོ།གཙོ་ཆེ་བ་ནི་འབྲེལ་ཡོད་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད།ཁྱབ་བསྒྲགས་བརྒྱུད་ནས་མང་ཚོགས་ཀྱིས་ཨེ་ཙེ་ནད་ཀྱི་ཉེས་དམིགས་དང་སྔོན་འགོག་བྱ་བར་ངོས་ཟིན་ཐོབ་པར་བྱ་དགོས།མ་གྱུར་སེམས་ཅན་ཐམས་ཅད་བསམ་མི་ཐུབ་རུང་།ཉེ་རིང་དང་གྲོགས་པོ་ཚོར་གནོད་མི་སྐྱེལ་བ་བྱ་དགོས།ད་དུང་དུས་རྒྱུན་སྲུང་ཤུབས་སོགས་སྤྱད་ནས་གཙང་སྦྲར་དོ་སྣང་བྱ་དགོས།དེང་སང་སྲིད་གཞུང་སོ་སོས་རིན་པ་མི་ལེན་པར་སྲུང་ཤུབས་སྤྲོད་བཞིན་ཡོད་པས།ཡུལ་ཚོའི་སྲིད་གཞུང་ས་གནས་ནས་ལེན་ཆོག་པ་དང་།དེ་ནི་ངོ་ཚ་དགོས་པའི་གནད་ཅིག་མིན་སྟབས་ཚོང་ཁང་སོ་སོ་ནས་བཙོང་ཡང་ཆོག་པ་རེད།དེ་འདྲའི་ཁྱབ་བསྒྲགས་བརྒྱུད་ནས་དོ་སྣང་བྱ་བར་སྐུལ་རྒྱུ་ནི་གལ་ཆེན་པོ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1