ཀན་ལྷོ་ཁུལ་བོད་ཡིག་བྲིས་གཟུགས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་འཐུས་ཚབ་ཚོགས་ཆེན་བསྡུས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 08-01


           2016ལོའི་ཟླ་7པའི་ཚེས་30ཉིན་གྱི་སྔ་དྲོར། ཀན་ལྷོ་ཁུལ་བོད་ཡིག་བྲིས་གཟུགས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་འཐུས་ཚབ་ཚོགས་ཆེན་གཙོས་གྲོང་ཁྱེར་གྱི་ཁུལ་སྲིད་གཞུང་གི་གྲོས་ཚོགས་ཁང་དུ་བསྡུས། ཀན་ལྷོ་ཁུལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་རྟ་མགྲིན། ཀན་ལྷོ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡུས་ཕིང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་ཚན་ཁག་གི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་དང་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། ཀན་ལྷོ་ཁུལ་གྱི་མཐུན་ཚོགས་སོ་སོའི་འཐུས་ཚབ། ཀན་ལྷོ་ཁུལ་གྱི་བོད་ཡིག་བྲིས་གཟུགས་པའི་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་ཆེན་དུ་ཞུགས།

          ཚོགས་འདུའི་ཐོག་ཏུ་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་འདེམས་བསྐོ་བྱེད་ཐབས། ནོར་དོན་ལམ་ལུགས་སོགས་ལ་གྲོས་ཞིབ་གྲོས་འཆམ་བྱུང་བ་དང་། ལས་འཛིན་ཚོགས་པའི་ཐེངས་དང་པོའི་ཚོགས་ཆེན་དུ་ཀན་ལྷོ་ཁུལ་སྐབས་དང་པོའི་བོད་ཡིག་བྲིས་གཟུགས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་སོགས་བདམས་བསྐོ་བྱས། ཚོགས་ཆེན་ཐོག་བོད་ཀྱི་སློབ་གསོ་བ་ཆེན་མོ། མཁས་པ་ཆེན་མོ་སློབ་དཔོན་བསེ་ཚང་བློ་བཟང་དཔལ་ལྡན་བོད་ཡིག་བྲིས་གཟུགས་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་ཚན་ཁག་གི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། བོད་ཡིག་བྲིས་གཟུགས་པ་སངས་རྒྱས་བཀྲ་ཤིས་སྐབས་དང་པོའི་བོད་ཡིག་བྲིས་གཟུགས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་རུ་བདམས།

          ཚོགས་ཆེན་མཇུག་སྒྲིལ་རྗེས། ཀན་ལྷོ་ཁུལ་ཝུན་པོ་ཁང་བརྩེགས་ཆེན་མོ་རུ་བཀྲ་ཤིས་པའི་ཀན་ལྷོ། སྐབས་དང་པོའི་ཁུལ་ཡོངས་ཀྱི་བོད་ཡིག་བྲིས་གཟུགས་འགྲེམ་སྟོན་གྱི་འགོ་ཚུགས་པའི་མཛད་སྒོ་སྤེལ། ཐེངས་འདིའི་འགྲེམ་སྟོན་ནི་འགྲེམ་ཞུགས་མི་གྲངས་ཆེས་མང་ཞིང་འགྲེམ་ཞུགས་མི་སྣའི་ཁྱབ་ཁོངས་ཆེས་ཆེ་བའི་བོད་ཡིག་བྲིས་གཟུགས་འགྲེམ་སྟོན་ཐེངས་ཤིག་ཡིན་ཏེ། བསྡོམས་པས་བརྩམས་ཆོས་80ལྷག་བཀྲམ་པ་དང་ཀན་ལྷོ་ཁུལ་བོད་ཡིག་བྲིས་གཟུགས་པའི་རྩེར་སོན་བརྩམས་ཆོས་འདུས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1