ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་ཐོག་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ལོ་ཕྱེད་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་གསན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-05


     སྤྱི་ཟླ་8པའི་ཚེས་4ཉིན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་55བ་འཚོགས་ཏེ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ལོ་2016ལོའི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་གསན་འཇོག་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིང་ཕིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་ཀྱང་གནང་།
     ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཝང་ཧེ་ཕིང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ཀྲང་ཏིན་ཁྲོན་གཉིས་གྱིས་སོ་སོའི་ཐད་ནས་ལོ་སྟོད་ཀྱི་ལས་ཀའི་སྙན་ཞུ་ཕུལ། 
     ཁོ་ཙིན་ཕིང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཏུ་གཏིང་ཟབ་སྒོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད། མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་དང་། ལོ་སྨད་ཀྱི་ལས་ཀ་ཁག་ལེགས་པོ་བསྒྲུབ་པར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་གཏིང་ཟབ་སྒོས་གྲོས་ཚོགས་ཀྱི་སྙིང་དོན་ལ་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པ། དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་ཞིག་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་པའི་རེ་བ་ཡོད་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མུ་མཐུད་དུ་ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་བྱེད་པར་མཐོང་ཆེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། གཟབ་ནན་གྱིས་ཁྲིམས་ལག་བསྟར་བྱེད་པ། ཁྲིམས་འཛིན་དྲང་བཞག་དང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་སྐུལ་སྤེལ་གཏོང་དགོས་བའི་སྐོར་ནས་ནན་གསུངས་གནང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1