འབའ་རྫོང་སྟག་གསོད་བཅའ་སྡོད་སློབ་ཆུང་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


       འབའ་རྫོང་སྟག་གསོད་བཅའ་སྡོད་སློབ་ཆུང་ནི་སྤྱི་ལོ1964ལོར་བཙུགས་པ་ཡིན་ལ་དུས་ཀྱི་ཆ་ནས་བོད་ཁུལ་གྱི་སློབ་གྲྭ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པར་བཤད་ཆོག་ཅིང་རྫོང་མཁར་གྱི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ109ལྷག་གིས་གྱེས་པའི་འབྲོག་ཁུལ་གྱི་རི་གྲོང་ཞིག་ཏུ་ཆགས་ཡོད་དེ། མགར་རྩེ་ཞོལ་མའི་སྟག་གསོད་དང་རྨོག་དཀར། ད་བ། ཉིན་ལུང་། སྟག་ལུང་སོགས་སྲིད་འཛིན་སྡེ་བ་ལྔའི་མི་གྲངས་ལྔ་སྟོང་ལྷག་ལ་ཁ་གཏད་ནས་འགན་བབས་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ལས་འགན་ལྕི་མོ་འཁུར་དུ་བཞེས་ནས་ཡོད། སྔ་ཕྱིར་སློབ་གཙོ་མི་སྐྱིད་རྡོ་རྗེ་དང་འཕགས་མོ། མ་ཡུན་ཚེ། ཚེ་བྷ། འབའ་རྡེའུ། ལཱག་ཀྲིན་བས། སྟག་སྐྱབས། ཆུས་ཞེས་ཏུང་། འབྲུག་ཐར་འབུམ།  ལྷ་མགོན་སོགས་སློབ་གསོའི་ལས་དོན་ལ་ཤ་ཞེན་ཆེ་བའི་དམ་པ་གང་མང་ཞིག་གིས་རང་གི་ལང་ཚོ་ས་གནས་སློབ་གསོའི་ལས་དོན་ལ་བསྟིམས་ནས་སློབ་གྲྭ་སྤྱི་དང་སྒོས་སུ་ས་གནས་སློབ་གསོའི་འཕེལ་རྒྱས་ལ་རྗེས་བྱས་མི་དམན་པ་བཞག་དང་འཇོག་ཀིན་ཡོད།
 
          དེ་ཡང་སློབ་གྲྭ་གསར་དུ་བཙུགས་པའི་ཚུན་གྱི་ལོ་ངོ་ལྔ་བཅུ་ལྷག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ་སློབ་གྲྭ་འདིའི་འཛུགས་བསྐྲུན་གྱི་རྒྱ་ཁྱོན་རྒྱ་ཇེ་ཆེ་དང་རྨང་གཞིའི་སྒྲིག་ཆས་འཐུས་ཇེ་ཚང་། དགེ་རྒན་གྱི་དཔུང་སྡེ་ཇེ་ལེགས་དང་སློབ་གསོའི་སྤུད་ཚད་ཇེ་རྒྱས་སུ་འགྲོ་བཞིན་པར་གོང་རིམ་གྱི་མགོ་ཁྲིད་དང་ས་གནས་མང་ཚོགས་ཀྱིས་གདེང་འཇོག་དང་ཁས་ལེན་ཡང་དག་གནང་མུས་སུ་ཡོད་ལ། རེ་བ་དང་ཡིད་ཆེས་ཟས་མོས་ཁེངས་ནས་ཡོད་དོ།།
        སློབ་གྲྭ་འདི་གས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་མི་དམངས་ལ་ཁ་ཕྱོགས་པ་དང་དེང་རབས་ཅན་ལ་ཁ་ཕྱོགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྔ་ཕྱིར་སློབ་མ་ཆིག་སྟོང་དྲུག་བརྒྱ་ལྷག་ཤེས་རིག་གི་བཅུད་ཀྱིས་གསོས་པའི་གྲས་སུ་ཞིབ་འཇུག་སློབ་མ་གསུམ་དང་སློབ་གྲྭ་ཆེན་མོ་བ་བཅུ་བདུན། རྒྱལ་ཁབ་ཀྱི་ལས་བྱེད་པ་ཉིས་བརྒྱ་བཅུ་གསུམ་ལྷག་གིས་རང་ཉིད་ཀྱི་ལས་རྐང་དུ་རྒྱལ་ཁབ་དང་མི་དམངས་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་གང་ལེགས་ཞུ་བཞིན་ཡོད།
       མིག་སྔར་སློབ་གྲྭ་འདི་གར་སློབ་མ362ཡོད་པ་འཛིན་གྲྭ12སུ་བཙུད་ནས་སྐད་ཡིག་དང་རྒྱ་ཡིག རྩིས་རིག  དབྱིན་ཡིག  ཆ་འཕྲིན་ལག་རྩལ། བསམ་བློ་ཀུན་སྤྱོད།  རི་མོ་དང་གླུ་དབྱངས། སྤྱི་ཚོགས་དང་རྩལ་སྦྱོང་སོགས་འདུས་པའི་རྨང་གཞིའི་བསླབ་ཚན་ཁག་སྐད་གཉིས་སློབ་ཁྲིད་ཀྱི་ལམ་ནས་གཉེར་ཡོད་ལ། སློབ་གྲྭ་ཡོངས་ལ་དགེ་བཟོ་བ39ལྷག་ཡོད་པ་ལས་ཆེད་གཉེར་དགེ་རྒན27ལྷག་གིས་ཤེས་རིག་རྩི་བཅུད་གཞིབ་ལ་བྲེལ་བའི་སློབ་མ་རྣམས་ལ་ཤེས་རིག་གི་བདུད་བརྩི་ཕངས་མེད་དུ་སྦྱིན་བཞིན་ཡོད་དོ།། 
        སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་གྲྭ་འདི་གའི་ཕྱིའི་རྣམ་པ་དང་སྒྲིག་གཞི། སློབ་སྒྲུབ་ཀྱི་འདུ་ཤུས་དང་ཁ་ཕྱོགས་སོགས་ཕྱོགས་གང་ཐད་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་འབྱུང་དང་འབྱུང་བཞིན་ཡོད་དེ། དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱི་འཇོན་ནུས་སྐྱེད་སྲིང་ལ་སྐུལ་འདེད་བྱས་ཏེ་སློབ་མའི་འཕེལ་རྒྱས་ལ་མཐུན་རྐྱེན་གང་ལེགས་སྦྱོར་བའི་སློབ་སྒྲུབ་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཐོག རྣམ་ཀུན་སློབ་གསོའི་འགན་འཁྲི་དང་ལེན་དང་སློབ་གསོའི་རྒྱུ་སྤུས་གཙིགས་སུ་བཟུང་ནས་སློབ་མ་འཕེལ་རྒྱས་དང་། དགེ་རྒན་འཕེལ་རྒྱས། སློབ་གྲྭ་འཕེལ་རྒྱས་གཏོང་བར་ཧུར་བརྩོན་བྱས་ཏེ། ཁྱིམ་བདག་སེམས་བདེ་བ། སློབ་མ་ཡིད་སྤྲོ་བ། དགེ་རྒན་སེམས་ཆགས་པ། སྤྱི་ཚོགས་ཡིད་ཚིམ་པའིཁྱད་ཆོས་ཅན་དང་གསོན་ཤུགས་ཅན། སྤུས་ཚད་ཅན། དཔེ་གཞི་ཅན། དེང་རབས་ཅན་གྱི་བཅའ་སྡོད་སློབ་གྲྭ་ཞིག་ཏུ་ཆགས་པར་བརྩོན་ལེན་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1