ལི་ཁེ་ཆང་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གཞི་རྒྱ་ཆེ་བའི་འགྲོ་འོང་གནད་དོན་ཐག་གཅོད་བྱེད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-20


        སྤྱི་ཟླ་9པའི་ཚེས་19ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཉིའུ་གཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གཞི་རྒྱ་ཆེ་བའི་འགྲོ་རྒྱུག་གནད་དོན་ཐག་གཅོད་བྱེད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

        ལི་ཁེ་ཆང་གིས། མིག་སྔར། སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གནད་དོན་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་འདུག འདི་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་ནས་བཟུང་ཐེངས་དང་པོར་སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གཞི་རྒྱ་ཆེ་བའི་འགྲོ་རྒྱུག་གནད་དོན་ཐག་གཅོད་བྱེད་པའི་མཐོ་རིམ་གྲོས་ཚོགས་ཡིན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་ཐེབས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འབྲེལ་བ་ཆེན་པོ་ཡོད་པར་མ་ཟད། ས་ཁུལ་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཧུར་བརྩོན་གྱིས་ཐག་གཅོད་བྱ་དགོས། སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གནད་དོན་ནི་མི་ཆོས་རིང་ལུགས་ཀྱི་ཉམས་ལེན་ཐེངས་ཤིག་སྟེ། མི་རིགས་སྤྱི་ཚོགས་ཀྱི་སྐྱེ་ཐོབ་ཀྱི་འདུ་ཤེས་ལ་ཚ་འདྲི་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནན་ཏན་གྱིས་སྐྱབས་བཅོལ་བར་རོགས་རམ་བྱ་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱིས་སྙིང་སྟོབས་ངེས་པར་དུ་དར་སྤེལ་གཏང་དགོས། དྲང་བདེན་གྱི་མ་མཐའི་ཚད་ཐིག་ལས་བརྒལ་མི་རུང་། སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་མཉམ་ལས་ཤུགས་ཆེར་གཏང་དགོས་ཅེས་བསྟན།

        ལི་ཁེ་ཆང་གིས་ཀྲུང་གོས་སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གནད་དོན་ཐག་གཅོད་བྱེད་པར་མཐོང་ཆེན་དང་ཧུར་ཐག་གིས་ནང་ཞུགས་བྱེད་ངེས་ཤིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས་རང་ངོས་ཀྱི་ནུས་པ་དང་འོས་འཚམ་པའི་འགན་འཁྲི་དང་ལེན་བྱ་ངེས། ང་ཚོས་མི་ཆོས་རིང་ལུགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཧུར་ཐག་སྒོས་རྒྱལ་སྤྱིའི་ལས་ཁུངས་དང་འབྲེལ་ཞིང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་སྤེལ་བའི་སྐྱབས་བཅོལ་བ་དང་གནས་སྤོ་མི་སེར་གྱི་གནད་དོན་གྱི་ཕྱོགས་གསུམ་མཉམ་ལས་ལ་བགྲོ་གླེང་བྱ་རྒྱུ་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1