བོད་བརྒྱུད་ནང་བསྟན་གྱི་བསླབ་རིམ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ། ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 10-19


        སྤྱི་ཟླ་15པའི་ཚེས་16ཉིན། བོད་བརྒྱུད་ནང་བསྟན་གྱི་བསླབ་རིམ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་བསྡུས། གྲོས་ཚོགས་སྟེང་དུས་རིམ་སྔོན་མའི་བསླབ་རིམ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ལས་ཀའི་སྙན་ཞུར་གསན་པར་མ་ཟད། བསླབ་རིམ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ལས་ཀའི་སྤྱིའི་ཇུས་གཞིར་གྲོས་ཞིབ་དང་སློབ་དེབ་རྩོམ་སྒྲིག་གི་འབྲེལ་ཡོད་ནང་དོན་གཞན་པར་ཞིབ་འཇུག་གནང་། རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མི་ཡོངས་དང་རྒྱུ་ཆ་གཞན་དག་གི་རྩོམ་སྒྲིག་ཆེད་མཁས་པ། དེ་མིན་དགོན་པའི་འཐུས་མི་བཅས་ཚོགས་འདུར་ཞུགས།  
        བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་འགོ་གཙོ། བསླབ་རིམ་གསུམ་སློབ་དེབ་ཀྱི་རྩོམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གསུང་བཤད་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་དབང་རྒྱལ་ཚོགས་འདུར་ཞུགས།
        ཚོགས་འདུའི་སྟེང་བོད་བརྒྱུད་ནང་བསྟན་གྱི་བསླབ་རིམ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་གི་ལས་ཀ་ནི་བོད་ཡིག་སྡེ་ཚན་གྱི་ནང་བསྟན་སློབ་གླིང་གི་མཉེན་ཆས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ཡིན་ཏེ། སློབ་དེབ་རྩོམ་སྒྲིག་ལས་ཀར་ཞུགས་པའི་ས་གནས་སོ་སོའི་ནང་བསྟན་སློབ་གླིང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟི་བརྗིད་ལ་དམ་འཛིན་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་པར་མ་ཟད། རྒྱལ་ཡོངས་ཆོས་ལུགས་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གསོ་སྐྱོང་བྱས་ཏེ་བསླབ་རིམ་གསུམ་གྱི་སློབ་དེབ་མ་ལག་འཛུགས་སྐྲུན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་བསྟན།།   




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1