ལྷོ་ཁོ་རེ་ཡའི་དམག་ཕྱོགས་ནས་མེ་མདའ་རྒྱག་པའི་གྱོད་གཞི་དེ་བྱང་ཁོ་རེ་ཡའི་ཕྱོགས་དང་འབྲེལ་བ་མེད་ཅེས་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


ལྷོ་ཁོ་རེ་ཡའི་དམག་ཕྱོགས་ནས་ལྷོ་ཁོ་རེ་ཡའི་ཅང་ཡོན་ཏའོ་ཀའོ་ཁྲེང་ཅུན་ཤར་རྒྱུད་འཐབ་ས་དང་པོའི་རྐང་དམག་དཔུང་སྡེའི་སོ་ལྟ་ཁང་ཞིག་གི་ཉེ་འགྲམ་དུ་དགོང་མོར་མེ་མདའ་བརྒྱབ་པའི་གནས་ཚུལ་ཐོན་ཡོད། མ་གཞི་གནས་ཚུལ་ཐོན་ས་དེ་ལྷོ་བྱང་ཁོ་རེ་ཡའི་མཐའ་མཚམས་སུ་ཡིན་མོད། འོན་ཀྱང་བྱང་ཁོ་རེ་ཡ་དང་འབྲེལ་བ་མེད་ཅེས་བཤད། 
ལྷོ་ཁོ་རེ་ཡའི་རྐང་དམག་གིས་སྤྱི་བསྒྲགས་སྤེལ་ནས་རུས་མིང་ལིན་ཟེར་བའི་རྐང་དམག་དམག་མི་ཞིག་གིས་དགོང་མོར་སོ་ལྟ་ཁང་ཞིག་གི་ཉེ་འགྲམ་དུ་མེ་མདའ་ཐེངས་བཅུ་བརྒྱབ་ནས་དམག་མི་དཀྱུས་མ་ལྔ་བསད་པ་དང་དེ་མིན་བདུན་ལ་རྨས་སྐྱོན་བཟོས།
དམག་ཕྱོགས་ཀྱི་དཔོན་དམག་ཞིག་གིས་གྱོད་དོན་ཐོན་སྐབས་དམག་མི་འདི་ནི་ལས་འགན་བསྒྲུབ་ཟིན་མ་ཐག་ཡིན། ཁོ་ཡིས་དེ་རྗེས་ལག་འབོམ་ཞིག་དང་མེ་མདའ་ཞིག མདེའུ་60འཁྱེར་ནས་བྲོས་བྱོལ་དུ་ཕྱིན། མི་འགྱངས་བར་རྐང་དམག་བྲོས་བྱོལ་པ་དེ་དམག་ཕྱོགས་ཀྱིས་འཛིན་བཟུང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1