ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 11-02


        ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བའི་དུས་ལ་སླེབས་པ་དང་སྤྱི་ཟླ་10པའི་ཚེས་27ཉིན་ད་ལོའི་སྐུ་དཀར་གསོལ་བའི་ལས་འགོ་བརྩམས། ལས་བཟོ་བ་ཙམ་མ་ཟད་ལོ་ལྟར་དད་ལྡན་མང་ཚོགས་མང་པོ་ཞིག་གིས་རང་མོས་ངང་ཕོ་བྲང་ལ་སྐུ་དཀར་གསོལ་བར་ཡོང་གི་ཡོད།  མང་ཚོགས་ཚོས་ད་དུང་འོ་མ་དང་བྱེ་མ་ཀ་ར་སོགས་ཞལ་འདེབས་སུ་ཕུལ་བཞིན་ཡོད།  ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་རྒྱུ་དེ་ཕྱིའི་མཛེས་བཟོ་ཙམ་མ་ཡིན་པར་གཙོ་བོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཨར་བསྐྲུན་ལ་སྲུང་སྐྱོབ་བྱ་ཆེད་ཡིན། །

སྐུ་དཀར་གསོལ་བས་ཕོ་བྲང་བརྗིད་ཉམས་སྔར་བས་མཚར་སྡུག་མངོན། 

ལས་དོན་མི་སྣས་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1