སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-14


        སྤྱི་ཟླ་11པའི་ཚེས་11ཉིན། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་པ་དང་། ལི་ཁེ་ཆང་དང་ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཞུགས། 

        སྤྱི་ཟླ་11པའི་ཚེས་11ཉིན། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 
        སྤྱི་ཟླ་11པའི་ཚེས་11ཉིན། སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ལྔ་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེ་ལས་དོན་གྱི་ཆེས་འགྱུར་བ་མེད་པའི་རྒྱབ་སྐྱོར་མཁན་དང་ཆེས་ལྷག་བསམ་གྱི་མཉམ་ལས་མཁན། ཆེས་རྣམ་དག་གི་རྒྱུན་འཛིན་མཁན་ཡིན། ང་ཚོས་སྐུ་ཞབས་སུན་ཀྲུང་ཧྲན་ལ་ཆེས་ལེགས་པའི་རྗེས་དྲན་ཞུ་བ་ནི་མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱེད་འོས་པའི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་ཏེ། སྐུ་ཞབས་སུན་ཀྲུང་ཧྲན་སོགས་གསར་བརྗེ་སྔོན་རབས་པ་སོགས་ཀྱིས་འབད་བརྩོན་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་དུ་གོང་འཕེལ་དུ་གཏོང་བ་དང་། ཉེ་བའི་དུས་རབས་ཀྱི་ཚུན་ལ་ཕུགས་བསམ་ལྡན་པའི་མི་སྣ་ཡོངས་ཀྱིས་འབད་བརྩོན་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་ནས་གོང་འཕེལ་དུ་གཏང་དགོས་པར་མ་ཟད།  ཉེ་བའི་དུས་རབས་ཀྱི་ཚུན་ལ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འབད་བརྩོན་བྱས་པའི་རླབས་ཆེན་ལས་དོན་མུ་མཐུད་ནས་གོང་འཕེལ་དུ་གཏང་དགོས་པ་དེ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1