༄༅།།དབང་ཆེན་ལྷ་མོ། 

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


མིང་། དབང་ཆེན་ལྷ་མོ།  
མི་རིགས། བོད་རིགས།  
ཕ་ཡུལ། དཀར་མཛེས་ཁུལ་དཀར་མཛེས་རྫོང་།  
ད་ལྟ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡིན། 2003ལོར་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ལོ་ངོ་བདུན་རིང་སློབ་སྦྱོང་བྱས་ནས། བོད་རིག་པའི་ཤེས་རམས་པའི་ཐོབ་ཐང་དང་། རབ་འབྱམས་པའི་ཐོབ་ཐང་བླངས། 2009ལོ་ནས་ཁམས་པའི་བརྙན་འཕྲིན་ཁང་གི་ཁམས་པའི་དགའ་ཚལ་གྱི་མདོ་འཛིན་པ་བྱས་ཤིང་། སྔ་རྗེས་སུ་2010ལོ་དང་2011ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་དང་། ཁམས་པའི་དགའ་ཚལ་བཏང་ནས་ལོ་གཅིག་འཁོར་བའི་དགའ་སྟོན་སོགས་ལ་མདོ་འཛིན་བྱས་པ་དང་། དུས་མཚུངས་སུ་སྐད་གཉིས་སློབ་ར་དང་ཁྲིམས་གསལ་མེ་ལོང་སོགས་ཀྱི་ལེ་ཚན་ལ་སྐད་སྦྱོར་བཞིན་ཡོད།  
 
 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།།བྱམས་པ་རྡོ་རྗེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1