༄༅།།ཡོན་ཏན།

མི་གསལ། རྩོམ་སྒྲིག་པ།འོད་ཟེར།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


  མིང་། ཡོན་ཏན།

 མི་རིགས། བོད་རིགས། 

  1980ལོའི་ཟླ2པར་སི་ཁྲོན་འབའ་ཐང་རྫོང་དུ་སྐྱེས་ཤིང་། གུང་ཁྲན་ཏང་ཡོན་རེད། ད་ལྟ་ཞིབ་འཇུག་སློབ་མ་འདོན་བཞིན་ཡོད།1998ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། རྟའུ་རྫོང་དགེ་ཤིས་ཤང་གི་ལྟེ་བའི་སློབ་གྲྭ་རུ་དགེ་རྒན་བྱས། 1999ལོའི་ཟླ10པར་རྟའུ་རྫོང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁང་དུ་ལས་གནས་སྤོས། 2000ལོའི་ཟླ5པར། དཀར་མཛེས་ཁུལ་མི་དམངས་རླུང་འཕྲིན་བརྙན་འཕྲིན་ཁང་དུ་ལས་གནས་སྤོས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རྟགས་ཐོབ་ཅིང་། གཙོ་བོ་སྐད་གཉིས་རྒྱང་སྒྲོག་དང་གསར་འགོད་པ། ལོ་ཙཱ་སོགས་ཀྱི་ལས་ཀ་བསྒྲུབས་པ་ཡིན། 2006ལོ་ནས་བཟུང་དཀར་མཛེས་ཁུལ་མི་དམངས་རླུང་འཕྲིན་བརྙན་འཕྲིན་ཁང་དུ་སྐད་གཉིས་སྐོར་གྱི་བརྙན་འཕྲིན་དྲིལ་བསྒྲགས་ལས་ཀ་གཉེར་བ་ཡིན། 2007ལོའི་ཟླ6ནས་ཟླ9པར། ཞིང་གྲོང་དུ་སྐྱོད་པའི་བྱ་འགུལ་ཁྲོད་ནས། ཕྱག་ཕྲེང་རྫོང་གི་ཆུའེ་ཝ་ཤང་དུ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་མྱོང་། 2009ལོའི་ཟླ9པར། ཁམས་པའི་བརྙན་འཕྲིན་ཁང་དུ་རྒྱུགས་འཕྲོད་ནས། གསར་འགྱུར་སྒྲོག་གཏོང་གི་ལས་ཀ་གཉེར་བ་རེད། མཚོ་སྔོན་བརྙན་འཕྲིན་ཁང་གི2006ལོའི་ལོ་གསར་དགོང་ཚོགས་ཀྱི་མདོ་འཛིན་དང་། དར་མདོ་རྫོང་གི་ལོ་གསར་བསུ་བའི་རིག་རྩལ་སྤྲོ་ཚོགས་སོགས་ཀྱི་བྱ་འགུལ་ཆེ་གྲས་ཁག་ཅིག་ལ་མདོ་འཛིན་བྱས། གེ་སར་གྱི་ཕ་སའི་དགྱེས་འཛོམས་ཞེས་པ་སོགས་ཀྱི་སྙན་གྲགས་ངེས་ཅན་ལྡན་པའི་བྱ་འགུལ་ལ་ཞུགས་མྱོང་། རྒྱ་བོད་སྐད་གཉིས་ཀྱི་བརྙན་འཕྲིན་ཟློས་གར་གྱི་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལས་དོན་གཉེར་ཞིང་། ད་བར་བརྙན་འཕྲིན་ཟློས་གར་བཅུ་གསུམ་ལ་ཡིག་སྒྱུར་དང་སྐད་སྒྱུར་བྱས་མྱོང་། 
  བརྩམས་ཆོས་ཁག་ཅིག་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་བརྩམས་ཆོས་དཔྱད་འདེམས་ཁྲོད་ནས་བྱ་དགའ་ཐོབ་ཡོད་དེ།མདོ་འཛིན་པའི་སྐོར་གྱི་བྱ་དགའ་ཐེངས་གཉིས་དང་།རང་གིས་བརྙན་ཕབ་དང་སྒྲིག་བཟོ་བྱས་པའི་ཆེད་དོན་བརྙན་འཕྲིན《གནས་མཆོག་སྡེ་དགེ》ཞེས་པར་སི་ཁྲོན་ཞིང་ཆེན་གྱི་དམིགས་བསལ་བྱ་དགའ་ཐོབ།སྒེར་གྱིས་རྩོམ་སྒྲིག་བྱས་པའི་ཆེད་དོན་བརྙན་འཕྲིན《བཀྲ་ཤིས་པའི་ཉི་མའི་ལུང་པ》ཞེས་པར་རིག་རྩལ་ལེ་ཚན་སྐོར་གྱི་བྱ་དགའ་ཨང་གཉིས་པ་ཐོབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1