ལི་ཁེ་ཆང་སྐབས་དགུ་པའི་འཛམ་གླིང་བདེ་ཐང་ཡར་སྐུལ་ཚོགས་ཆེན་གྱི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-22


       

        སྤྱི་ཟླ་11པའི་ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྐབས་དགུ་པའི་འཛམ་གླིང་བདེ་ཐང་ཡར་སྐུལ་ཚོགས་ཆེན་གྱི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། 

        ལི་ཁེ་ཆང་གིས་བདེ་ཐང་ནི་མི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་འཚོ་བའི་རྨང་གཞི་ཡིན་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བ་དང་སྤྱི་ཚོགས་ཤེས་རིག་གོང་འཕེལ་དུ་འགྲོ་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་ཚོགས་ཆེན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཀྱི་བདེ་ཐང་ཀྱི་ཡར་སྐུལ་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། འདིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྱོན་ཡོངས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དམིགས་འབེན་མངོན་འགྱུར་བྱུང་བར་ཤུགས་རྐྱེན་གལ་ཆེན་ཐེབས་ངེས། རྒྱལ་ཁབ་སོ་སོས་སྲིད་ཇུས་ཀྱི་བགྲོ་གླེང་ལ་ཤུགས་སྣོན་བྱས་ཏེ་བདེ་ཐང་བཅོས་སྐྱོང་ཀྱི་མཉམ་ལས་སྟེགས་བུ་ཞིག་བསྐྲུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུབ་ཚབ་རང་བཞིན་དང་གཏམ་བརྗོད་དབང་ཆ་མཐོར་འདེགས་སུ་གཏང་དགོས་པ་དང་། དཀྱེལ་ཡངས་མཉམ་འགུལ་ལ་སྐུལ་འདེད་དང་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ནས། གོམ་གང་མདུན་སྤོས་སྒོས་འཛམ་གླིང་ཡོངས་ཀྱི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་སུ་གཏང་དགོས། དེ་མིན་གསར་བཏོད་མཉམ་ལས་ལ་སྐུལ་འདེད་དང་བདེ་ཐང་མཁོ་འདོན་དང་ཞབས་ཞུའི་ནུས་པ་གོང་འཕེལ། སྟོབས་ཤུགས་ཕྱོགས་བསྡུས་སྒོས་མིའི་རིགས་ཀྱི་བདེ་ཐང་ཐད་འཕྲད་པའི་དཀའ་ཁག་ལ་གདོང་གཏད་ནས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ། སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་མཉམ་མཐུན་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མི་ཆོས་བརྗེ་རེས་ཀྱི་བདེ་ཐང་མཉམ་ལས་ཁྲོད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1