ལི་ཁེ་ཆང་གིས་རྒྱ་གར་གྱི་ཙུང་ལི་མོའོ་ཏི་ལ་སེམས་གསོ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-24


        རྒྱལ་སྲིད་སྤྱི་ཁྱུབ་ཁང་གིས་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་11པའི་ཚེས་22ཉིན་རྒྱ་གར་བྱང་ཕྱོགས་སུ་མེ་འཁོར་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་བར་རྒྱ་གར་གྱི་ཙུང་ལི་མོའོ་ཏི་ལ་སེམས་གསོའི་གློག་འཕྲིན་བཏང་། 
        ལི་ཁེ་ཆང་གིས་གློག་འཕྲིན་ནང་རྒྱ་གར་གྱི་བྱང་ཕྱོགས་སུ་མེ་འཁོར་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་ནས་མི་སྣ་མང་པོར་ཤི་རྨས་བྱུང་བ་ཐོས་འཕྲལ། བདག་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བ་དག་ལ་སེམས་གཏིང་ནས་མྱ་ངན་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་བ་དག་གི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1