གསེར་རྟ་རྫོང་གི་སྨན་བཅོས་མི་སྣས་གཞི་རིམ་དུ་རིན་མེད་འགན་བཅོས་ཀྱི་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 11-29


        ཉེ་ཆར།  གསེར་རྟ་རྫོང་མི་དམངས་སྨན་ཁང་གིས་ཆེད་མཁས་སྨན་བཅོས་མི་སྣ་བཀོད་སྒྲིག་བྱས་ཏེ་ཉི་སྟོད་ཡུལ་ཤོག་ཏུ་རིན་མེད་འགན་བཅོས་ཀྱི་བྱེད་སྒོ་སྤེལ།
      ཐེངས་འདིའི་འོས་འགན་སྨན་བཅོས་ཁྲོད་ཡུལ་མི་86་ལ་ཞིབ་བཤེར་བྱས་ཤིང་། མཆིན་པའི་ཐུམ་འབུའི་ནད་པ་གཉིས་ཀྱི་ནད་རྟགས་ངོས་འཛིན་བྱས། ནད་པ་གཉིས་ལ་ནད་བསྟུན་སྨན་བཅོས་བྱས་པར་མ་ཟད་མུ་མཐུད་དུ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནང་སྨན་བཅོས་བྱ་དགོས་པའི་བསམ་འཆར་བཏོན། བྱེད་སྒོ་ཁྲོད་སྨན་རིགས་73སྤྲད་པ་དང་བརྟག་དཔྱད་འགྲོ་སོང་སྒོར་2300གྲོན་ཆུང་བྱས།  དེ་མིན་སྒོར་2000ལྷག་གི་རིན་མེད་སྨན་རྫས་ས་གནས་དེ་གའི་ཡུལ་མི་དག་ལ་སྤྲད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1