དཀར་མཛེས་ཁུལ་ཡོངས་ལ་མུ་མཐུད་ཁ་བ་འབབ་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-01


        སྤྱི་ཟླ་11པའི་ཚེས་29ནས་30ཉིན་བར། དཀར་མཛེས་ས་ཁུལ་གྱི་རྫོང་ཁག་མང་པོ་ཞིག་ལ་དགུན་ཚུགས་རྗེས་ཀྱི་ཁ་བ་ཐེངས་དང་པོ་བབས།

        གསར་འགོད་པས་དཀར་མཛེས་ཁུལ་གྱི་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་པར་ལྟར་ན། ཐེངས་འདིའི་ཁ་བ་འབབ་ཚད་ལ་ཧའོ་སྨི་8.9ཡོད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་དང་མང་ཚོགས་ཀྱི་འཚོ་བ། དེ་མིན་སྒོ་ཕྱུགས་གཟན་ཆས་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་རེད། ཡིན་ནའང་ཐེངས་འདིའི་ཁ་བས་ནགས་ཚལ་དང་རྩྭ་ཐང་སོགས་ལ་མེ་ཉེན་གནས་གཤིས་ཀྱི་རིམ་པ་ཇེ་དམའ་བཏང་ཡོད་པ་དང་ས་ཞིང་གི་བཞའ་ཚད་ཇེ་མཐོར་བཏང་པར་ཕན་པ་ཆེན་པོ་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1