དཀར་མཛེས་ཁུལ་གྱིས12·4རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་ཉིན་མོར་ཁྲིམས་བསྒྲགས་བྱེད་སྒོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-05



        སྤྱི་ཟླ་12པའི་ཚེས་4ཉིན།  དཀར་མཛེས་ཁུལ་གྱིས་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་12·4རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་ཉིན་མོར་ཁྲིམས་བསྒྲགས་བྱེད་སྒོ་སྤེལ། 

        ཤེས་རྟོགས་བྱུང་པ་ལྟར་ན། ད་ལོའི་12·4ཁྲིམས་བསྒྲགས་བྱེད་སྒོ་ནི་གཙོ་བོ་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་བསྒྲགས་བྱེད་སྒོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྟོན་དུ་བཟུང་ནས། ཞིང་ཆེན་དང་མི་རིགས་རང་སྐྱོང་ཁུལ་གྱི་ཚོགས་འདུའི་དགོངས་དོན་གཙོ་བོ་ལག་བསྟར་བྱས། རྣམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་《རྩ་ཁྲིམས།》སྲོག་ཤིང་ཏུ་བཟུང་ནས་《ཀྲུང་གོ་ཀྲུང་དབྱང་ཀྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱབ་ཁབ་སྐྱོང་བའི་གནད་དོན་གལ་ཆེན་འགའི་ཐག་བཅོད》དང་《ཉེས་ཁྲིམས་དག་བཅོས་ཟིན་འགོད།》སོགས་ཀྱི་ནང་དོན་གཙོ་བོ་བཟུང་ནས་ཁྱབ་བསྒྲགས་བྱས།       ཁྲིམས་ལྟར་མི་རིགས་རང་སྐྱོང་ཁུལ་སྐྱོང་བ་དང་དཀར་མཛེས་ཁུལ་དུ་ཁྲིམས་སྐྱོང་གི་སྤྱི་ཚོགས་ཁོར་ཡུག་ཞིག་བསྐྲུན་རྒྱུ།  དེ་མིན་མཛེས་སྡུག་ཅན་དང་འཆམ་མཐུན་ཅན་གྱི་འབྱོར་འབྲིང་སྤྱི་ཚོགས་ཞིག་བསྐྲུན་པར་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་རེད།།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1