དྲོད་སྐྱིད་ལྡན་པའི་ཉི་འོད་འོག་གི་སློབ་གྲྭ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 12-12


     

  སྤྱི་ཟླ་12ཟླ་སྟོད་དུ། དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་གྲང་ངར་ཆེ་པའི་དགོན་དུས་སུ་སླེབས་ཡོད་ཀྱང་།  དྲོད་སྐྱིད་ལྡན་པའི་རྫོང་གི་སློབ་ཆུང་གཉིས་པའི་སློབ་ཁང་ནང་དུ་སློབ་མ་རྣམས་ཀྱི་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ལ་ཉན་བཞིན་འདུག སློབ་གྲྭའི་ནང་གི་སློབ་ཁང་དང་སློབ་མའི་སྡོད་ཁང་། ལུས་རྩལ་ཁང་དང་ཕྱོགས་བསྡུས་ཚོད་ལྟ་ཁང་།  དེ་མིན་དཔེ་མཛོད་ཁང་དང་ཁྲུས་ཁང་སོགས་མིག་སྔའི་སློབ་གྲྭའི་ཆ་རྐྱེན་ཤིན་ཏུ་ལེགས་པ་རེད།

        སློབ་གྲྭའི་འགན་འཛིན་པ་ཚེ་རིང་རྒྱལ་མཚོ་ཡིས་དགུན་དུས་གྲང་རང་ཆེ་པའི་གནད་དོན་ཐག་བཅོད་བྱ་ཆེད་ས་གནས་དེ་གའི་སློབ་གསོ་ཅུས་དང་རོགས་སྐྲུན་ལས་ཁུངས་ཀྱིས་སློབ་གྲྭའི་ནང་དུ་ཉི་ནུས་དྲོད་འདོན་འཕྲུལ་ཆས་བསྒྲིགས་ཏེ།  ཉིན་མཚན་ཀུན་ལ་དྲོད་རླངས་ཡོད་པར་གྱུར་བའི་སློབ་མ་རྣམས་ཀྱིས་སློབ་ཁྲིད་ལ་ཉན་དུས་ངར་གྲང་མྱོང་མི་དགོས་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1