ཨི་ཐ་ལིའི་མཚོ་ཁའི་སྲུང་དམག་གིས་སྐྱབས་འཆོལ་པ་ཁྲི་18ཡིས་སྲོག་བསྐྱབས་ནས་ཟིན་ཐོ་བསྐྲུན།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 12-20


        ཕྱི་རྒྱལ་འཕྲིན་སྦྱོར་ཁང་གིས་བསྒྲགས་པའི་གནས་ཚུལ་སྤེལ་བ་ལྟར་ན། 2016ལོ་ནི་ཨི་ཐ་ལིའི་མཚོ་ཁའི་སྲུང་དམག་གིས་ཟིན་ཐོ་བསྐྲུན་པའི་ལོ་ཞིག་རེད། ཁོང་ཚོས་ས་དབུས་རྒྱ་མཚོ་ནས་སྐྱབས་འཆོལ་པ་ཁྲི་18ཡི་སྲོག་བསྐྱབས། ཉིན་རེའི་ལས་ཀའི་དུས་ཚོད་རིང་དུ་བཏང་ནའང་། སྐྱབས་འཆོལ་པ་མང་པོས་མཚོ་ཁའི་སྲུང་དམག་གི་མྱུར་སྐྱོབ་ལ་སྒུག་མ་ཐུབ་པར་རྐྱེན་ལམ་དུ་ཤོར།

        2014ལོར། ཨི་ཐ་ལིའི་མཚོ་ཁའི་སྲུང་དམག་གིས་རྒྱལ་ཁབ་གཉིས་བར་གྱི་རྒྱ་མཚོའི་ཁོངས་སུ་མི་ཁྲི་17ཡི་སྲོག་བསྐྱབས་པ་དང་། 2015ལོར་མི་ཁྲི་15.3སྲོག་བསྐྱབས། ད་ལྟའི་བར་ཨི་ཐ་ལིའི་མཚོ་ཁའི་སྲུང་དམག་གིས་ཧ་ལམ་མི་ཁྲི་18ཡི་སྲོག་བསྐྱབས་པ་དང་། གཟའ་འཁོར་སྔོན་མར་མི་4000སྲོག་བསྐྱབས་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1