དར་མདོ་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09


        དར་མདོ་གྲོང་ཁྱེར་གྱིས་མིག་སྔར་ཐབས་ཇུས་གསུམ་ལག་བསྟར་བྱས་ཏེ་ཤུགས་ཆེན་པོས་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་། རྨང་གཞིའི་སྒྲིག་བཀོད་ཀྱི་དེང་རབས་ཅན་ཏེ། ཁྱོན་བསྡོམས་སྒོར་ཁྲི་4000བཏང་ནས་སློབ་ཁྲིད་དཔྱད་འཇོག་དང་བདེ་འཇགས་དོ་དམ་གྱི་བརྙན་གཟིགས་ཕྱོགས་བསྡུས་སྟེགས་བུ། རྩིས་འཁོར་སློབ་ཁང་18དང་སྨྱན་མང་སློབ་ཁྲིད་སྒྲིག་ཆས་ཆ་ཚང་206 སློབ་ཁྲིད་གློག་རྡུལ་རྩིས་འཁོར་1400 སློབ་གསོའི་རྒྱུ་ཆ་ཁྱོན་ཡོངས་ལ་ཁེབས་པའི་སྒྲིག་ཆས་16 དེ་མིན་ཚད་ལྡན་ཅན་གྱི་རྒྱུགས་སྤྲོད་མཛུབ་སྟོན་ལྟེ་གནས་དང་དགེ་རྒན་གྱི་ཟབ་སྦྱོང་སློབ་ཁང་། རྒྱང་ཁྲིད་སློབ་སློབ་27བཅས་འཛུགས་སྐྲུན་བྱས་ཏེ་གྲངས་གཞིའི་སློབ་ར་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།  ཆ་འཕྲིན་ལག་རྩལ་ལས་མི་ཡོངས་ལ་ཁྱབ་པ་སྟེ། གོམ་གང་མདུན་སྤོས་སྒོས་དགེ་བཟོ་བའི་ཆ་འཕྲིན་ཅན་གྱི་ནུས་པ་མཐོར་འདེགས་ཀྱི་ཟབ་སྦྱོང་ལ་ཤུགས་སྣོན་བྱས་ཤིང་། ཆེད་ལས་དགེ་རྒན་གདན་ཞུ་བྱས་ཏེ་གློག་རྡུལ་སྒོ་སམ་གྱི་བཀོལ་སྤྱོད་དང་དཔེ་དེབ་དོ་དམ་གྱི་བརྡ་འཕྲིན་ཅན། སློབ་ཁྲིད་སྒྲིག་བཟོ་སོགས་ཀྱི་ཐད་ནས་གཅིག་བསྡུས་སྒོས་ཟབ་སྦྱོང་བྱས། སློབ་ཁྲིད་ཐབས་ལམ་གྱི་ཆ་འཕྲིན་ཅན་ཏེ། སློབ་གསོའི་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་བ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་སློབ་ཁྲིད་ཀྱི་བསམ་བློ་དང་འདུ་ཤེས། ཐབས་ལམ། ནང་དོན་བཅས་ལ་བཅོས་སྒྱུར་བྱས་ཏེ་དྲ་རྒྱའི་སློབ་གསོ་གསར་གཏོད་བྱས། །


རྩོམ་ཡིག་སྔོན་མ།
འཁྲུལ་བའི་བརྩེ་དུངས།
རྩོམ་ཡིག་རྗེས་མ།
མདུན་སྐྱོད་ཀྱི་འབོད་སྒྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1