《སྡེ་དགེ་ཆོས་རྒྱལ་རིམ་བྱོན་ཀྱི་གདུང་རབས།》དཀར་མཛེས་ཁུལ་དཔེ་མཛོད་ཁང་ནང་ཉར།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-17



           ཉེ་ཆར། བོད་ཡིག་ཡིག་ཚགས་《སྡེ་དགེ་ཆོས་རྒྱལ་རིམ་བྱོན་ཀྱི་གདུང་རབས་དེབ་ཐེར།》དཀར་མཛེས་ཁུལ་དཔེ་མཛོད་ཁང་ནང་དུ་ཉར།
        འབྲེལ་ཡོད་ཀྱི་ལས་བྱེད་པས་ངོ་སྤྲོད་བྱས་པ་ལྟར་ན།  ཡིག་ཆ་འདི་ནི་1792ལོར་བརྩམས་ཡོད་ལ་གསེར་བྲིས་དང་དངུལ་བྲིས་འདྲེས་ནས་བྲིས་པ་ཞིག་རེད།  སྡེ་དགེ་རྒྱལ་པོས་ཆེད་དུ་མི་ཞིག་ལ་རྒྱབ་རབས་ཀྱི་གནས་ཚུལ་ཡིག་ཐོག་བཀོད་པའི་འགན་སྒྲུབ་བཅུག་པ་ཡིན་ལ།  གདུང་རབས་དེབ་ཐེར་ནང་སྐབས་ཐོག་དེའི་ཁམས་ཁུལ་གྱི་བྱང་ཕྱོགས་དང་བོད་ལྗོངས་ཤར་ཁུལ་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དང་ཆོས་ལུགས་བྱེད་སྒོ། དེ་མིན་མི་སྣ་གྲགས་ཅན་དང་དང་མཁས་པ་རྣམས་ཀྱི་ལོ་རྒྱུས་སོགས་བཀོད་ཡོད། ནང་དོན་ཕྲ་ཞིང་ཞིབ་པ་དང་དེབ་ནང་བཀོད་པའི་ནང་དོན་མང་པོ་ཞིག་ཡིག་ཆ་གཞན་དག་ལས་མཐོང་དཀོན་པས་ཞིབ་འཇུག་དང་ཟུར་ལྟའི་རིན་ཐང་ཆེན་པོ་ཡོད་པ་རེད། གདུང་རབས་དེབ་ཐེར་གྱི་བྲིས་གཟུགས་ལ་མཛེས་ཉམས་དོད་ཅིང་སྒྱུ་རྩལ་གྱི་རིན་ཐང་བླ་ལྷག་ལྡན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1