སྡེ་རོང་རྫོང་གིས་ཞིང་པར་ཚན་རྩལ་གསོ་སྦྱོང་བྱས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-19


   

        ཉེ་ཆར། སྡེ་རོང་རྫོང་གིས་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་ལས་དོན་ཚན་ཆུང་བཞི་རྩ་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་གྲོང་རྡལ་12ནང་དུ་ཕྱིན་ཏེ། དམངས་ཕན་སྲིད་ཇུས་དང་ཞིང་ལས་ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་དགོས་མཁོར་དམིགས་ནས་ཤེས་བྱ་ཁྱབ་བསྒྲགས་དང་ལག་རྩལ་གསོ་སྦྱོང་བྱས།

        གསོ་སྦྱོང་བྱེད་སྒོ་ནི་སྲིད་ཇུས་ཁྱབ་བསྒྲགས་དང་ཚན་རྩལ་གསོ་སྦྱོང་མཉམ་དུ་ཟུང་འབྲེལ་དང་རིང་གཞུངསློབ་ཁྲིད་དང་ལག་ལེན་གཉིས་ཟུང་འབྲེལ་བྱས་ཏེ། ཐོན་ལས་དབུལ་སྐྱོར་ཀྱི་སྲིད་ཇུས་དང་ཞིང་ལས་འཕྲུལ་ཆས་ཐད་ཀྱི་དམངས་ཕན་སྲིད་ཇུས། དེ་མིན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་སོགས་ཀྱི་རྒྱུན་ཤེས་གསོ་སྦྱོང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1