དཀར་མཛེས་ཁུལ་གྱིས་བོད་ཀྱི་ལོ་སར་ལ་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-19


        ཉེ་ཆར།  དར་མདོའི་མཛའ་གཞས་ཐང་ཆེན་ཐོག་ལ་སྤྲོ་དགའ་གླུ་གར་གྱི་རྣམ་པས་ཁེངས།  དེ་ནི་དར་མདོ་གྲོང་ཁྱེར་གྱིས་ལོ་གསར་པར་དགའ་བསུ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཡོང་བར་ཐུན་མོང་དུ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་།  ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་ནས་མཉམ་དུ་འཆམ་མཐུན་གྱི་གྲོང་ཁྱེར་སྐྲུན་ཞེས་པའི་ལོ་གསར་དུས་ཆེན་གྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྤེལ་བ་རེད།   
        རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ནི་ཞབས་བྲོ་དང་སྨྱུག་རོལ་མགྱོགས་གཏམ།  གླུ་གཞས་མཉམ་གཏོང་།  ཞབས་བྲོ་མཉམ་འཁྲབ་སོགས་ལྟད་མོ་ལེ་ཚན12ཡོད་ལ། དཔྱིད་གསར་དུས་ཆེན་རིང་ལ་དར་མདོ་གྲོང་ཁྱེར་གྱིས་ད་དུང་རིག་རྩལ་རབ་དང་རིམ་པའི་འཁྲབ་སྟོན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་ལྟད་མོ་ཕུན་སུམ་ཚོགས་པོ་སྟོན་རྒྱུ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་སྔར་བས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ།  ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ཡོང་བའི་ཆེད་དུ། དཀར་མཛེས་ཁུལ་གྱི་རིམ་པ་ཁག་གིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན།  བོད་ལོ་གསར་སྐབས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་སྒྲིག་འཛུགས་ཞིབ་ཚགས་གྲ་སྒྲིག་བྱས་ཏེ། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་རྣམས་དུས་ཆེན་གསུམ་དེ་སྐྱིད་པོ་ཞིག་གཏོང་ཐུབ་པར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1