སྡེ་རོང་གིས་དགུན་དུས་བདེ་དྲོད་ཀྱི་བྱ་སྤྱོད་སྤེལ་ནས་མི་སེར་བདེ་ལ་བཀོད།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-23


        ཉེ་ཆར།  སྡེ་རོང་རྫོང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་སྒྲུབ་ཨུ་ལྷན་གྱིས་རྫོང་དེའི་ཉི་མ་ལུང་པའི་ཐང་ཆེན་དུ་རྒན་གཞོན་ལག་གདང་སྦྲེལ་ནས་ལོ་ཆུང་བདེ་ལ་བཀོད་ཀྱིས་བརྗོད་གཞི་གཙོ་བོར་བྱས་པའི་དགུན་དུས་བདེ་དྲོད་ཀྱི་བྱ་སྤྱོད་སྤེལ་བ་རེད། 
        ཐེངས་འདིའི་བྱེད་སྒོ་ཁྲོད་ཡུལ་དངོས་སུ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་20.34སྤྲད་པའི་ནང་རྫོང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་སྒྲུབ་ཨུ་ལྷན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་2དང་།  ལས་འཁྱུར་ངལ་གསོ་བྱས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྱེད་པ་ལ་རོགས་སྐྱོར་མ་དངུལ་སྒོར་8000དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་དུད་ཚང་24ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་4.8རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ངལ་ཡོད་པའི་དབུལ་ཕོངས་མི་སྣ་21ལ་གནས་སྐབས་ཀྱི་འཚོ་བའི་རོགས་དངུལ་སྒོར་8400བཀྲམ་ཡོད།  རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཅེས་སེམས་རོགས་སྐྱོར་ཐེབས་རྩ་སྒོར་ཁྲི་11.9ཁ་ཐོག་ལག་བཞག་བྱས་པ་རེད།
        ན་ནིང་ཟླ་བ་12པའི་ཚེས་28ཉིན། རྫོང་དེས་དགུན་གྲང་ངར་ཆེ་དུས་གཅེས་སེམས་སྟེར་ཞིང་སྡེ་རོང་ལ་བརྩེ་སེམས་ཟབ་མོ་བཅངས་ཞེས་པ་དང་། དུས་ཆེན་གཉིས་སྐབས་ལྟ་སྐོར་དང་འཚམས་འདྲི་བྱེད་པ་དང་། དཀའ་ངལ་ཡོད་པའི་གནོད་ཐེབས་ལས་བཟོ་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ། བྱེད་སྒོའི་ཁྲོད་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ནུས་ཞན་ཁྱིམ་ཚང་56གི་འཐུས་ཚབ་མི་རེར་འཚམས་འདྲིའི་མ་དངུལ་སྒོར་1000དང་སྲན་བལ་གྱི་ཉལ་ཆས་བྱིན་པ་རེད། 
        ཤེས་རྟོགས་བྱུང་བ་ལྟར་ན། རྫོང་དེའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་དངོས་སུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོམས་འདྲིའི་མ་དངུལ་སྤྲོད་པར་ཕུད། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་སྐྱིད་སྟེར་བའི་བྱེད་སྒོའི་འཆར་འགོད་ལྟར།  ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་སྐྱིད་སྟེར་བའི་བྱེད་སྒོའི་ཁྲོད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་དུད་ཚང་100ལ་འཚམས་འདྲིའི་མ་དངུལ་སྒོར་54800བྱིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1