དར་མདོ་གྲོང་ཁྱེར་གྱིས་དཔྱིད་གསར་དུས་ཆེན་བསུ་བའི་འཁྲབ་སྟོན་གྲ་སྒྲིག་ལེགས་པོ་བྱས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-24


 

        ཉེ་ལམ་དར་མདོ་གྲོང་ཁྱེར་བོན་པོ་ཤུལ་ཡུལ་ཤོག་གི་རྡོ་ར་སྡེ་བའི་མི་ཉག་སྐོར་བྲོ་རུ་ཁག་གིས་བརྒྱན་སྤྲས་སྔོན་སྦྱོང་བྱས། ད་ལོར་མི་ཉག་སྐོར་བྲོ་རུ་ཁག་གིས་ཡུལ་ཤོག་གི་ཚབ་བྱས་ཏེ་དར་མདོ་གྲོང་ཁྱེར་གྱི་དཔྱིད་སར་དུས་ཆེན་བསུ་བའི་མང་ཚོགས་ཀྱི་རིག་གནས་སྤྲོ་ཚོགས་དང་ཁམས་པ་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ལ་ཞུགས་རྒྱུ་རེད། མི་ཉག་སྐོར་བྲོ་ནི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཡིན་ཞིང་། རིག་གནས་འདི་སྔར་ལས་ལེགས་པོའི་སྒོ་ནས་དར་སྤེལ་དང་རྒྱུན་འཛིན་བྱ་ཆེད་རྡོ་ར་སྡེ་བའི་སྡེ་མི་དག་གིས་མི་ཉག་སྐོར་བྲོའི་འཁྲབ་སྟོན་རུ་ཁག་རྩ་འཛུགས་བྱས་ཤིང་ད་ལྟའི་བར་ཐེངས་བཅུ་ལྷག་ལ་མི་ཉག་སྐོར་བྲོ་འཁྲབ་སྟོན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1