གཞུང་ལམ་ཐོག་གི་ཉེན་མེད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-30


        དར་མདོ་རྫོང་འགག་པ་ཤང་གིས་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཞུང་ལམ་གཡས་གཡོན་གྱི་མཚོན་རྟགས་སྦྱར་ཡིག་ཚད་ལྡན་དུ་གཏོང་ཆེད།ཤང་རང་གི་ལས་བྱེད་མི་སྣ་སྒྲིག་འཛུགས་བྱས་ནས་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་དང་སྦྱར་ཡིག་བྱང་བུ་སོགས་ལ་བརྟག་ཞིབ་བྱས་ཏེ་འགྲིམ་འགྲུལ་ཉེན་མེད་ཐད་ཀྱི་མཚོན་རྟགས་དང་སྦྱར་ཡིག་བྱང་བུ་25བཟོས་ནས་གཞུང་ལམ་གཡས་གཡོན་དུ་བཙུགས་པ་རེད།གཞུང་ལམ་ཐོག་ཉེན་མེད་སྐོར་གྱི་སྦྱར་ཡིག་བྱང་བུ་བཙུགས་པ་དེས་གཅིག་ནི་ཤང་རང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཉེན་མེད་ཀྱི་གནས་ཚུལ་ལེགས་བཅོས་བྱས་པ་དང་།གཉིས་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་ཏན་ཏིག་ངང་དོན་འཁྱོལ་བྱས་པ་སྟེ།དམངས་ཀྱི་དོན་དུ་དོན་དངོས་དང་བྱ་བ་བཟང་པོ་སྒྲུབ་པའི་གལ་ཆེའི་རྣམ་པ་མཚོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1