དར་མདོ་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་བསུ་བའི་བྱེད་སྒོ་མང་པོ་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-06


       

        ལོ་གསར་ཚེས་གཅིག་ཉིན། དར་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་འགན་སྒྲུབ་གནང་པའི་མི་ཉག་ཟློས་གར་དར་མདོ་མཛའ་གཞས་ཐང་དུ་འཁྲབ་སྟོན་བྱས།   

        བྱེད་སྒོའི་ཁྲོད་ཁྱད་ཆོས་ལྡན་པའི་མི་ཉག་གི་ཟློས་གར་དང་མི་ཉག་ལ་གཞས། རལ་པ་སོགས་འཁྲབ་ཏེ་རྒྱལ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་གདེང་འཇོག་ཆེན་པོ་ཐོབ།
        བྱེད་སྒོའི་ཁྲོད་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་པར་མ་ཟད། ད་དུང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཆ་ཡིག་འགྲན་བསྡུར་བྱས།  སྨོན་འདུན་ཆ་ཡིག་བྲི་རྒྱུ་ནི་དཔྱིད་གསར་དུས་ཆེན་བསུ་བའི་སྲོལ་རྒྱུན་གྱི་ལུགས་སྲོལ་མེད་དུ་མི་རུང་བ་ཞིག་ཡིན། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་སྨོན་འདུན་ཆ་ཡིག་བྲིས་ཤིང་དྲ་ཐོག་ཏུ་དྲ་གྲོགས་རྣམས་ཀྱི་འདེམས་ཤོག་འཕངས་ནས་ཐེངས་འདིའི་བྱེད་སྒོ་ཁྲོད་ཀྱི་ཕུལ་བྱུང་གི་སྨོན་འདུན་ཆ་ཡིག་ཁག་ལ་བྱ་དགའ་སྤྲད།།  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1