འབའ་ཐང་རྫོང་གིས་སྨན་རྩི་ཤིང་མ་ཁ་ཐོན་ལས་ཅན་དུ་ཚོང་གཉེར་བྱ་རྒྱུར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཤེས་བྱ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 06-30


         ཉེ་ཆར།འབའ་ཐང་རྫོང་རྫོང་རྩ་ཤང་གི་ཞིང་པ་བཀྲ་ཤིས་ཀྱིས་རང་གི་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱེད་ས་རུ་ཞིང་ལས་ལག་རྩལ་མི་སྣས་ཡུལ་དངོས་སུ་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱེད་ཚུལ་དང་།ཐོན་སྐྱེད་དོ་དམ།ནད་འབུའི་གནོད་སྐྱོན་འགོག་བཅོས་བྱེད་ཚུལ་སོགས་ཀྱི་ལག་རྩལ་འགྲེལ་བཤད་བྱེད་པར་ཉན་བཞིན་པ་དང་།ཁོས་སེམས་འགུལ་ཐེབས་པའི་ངང་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱས་ན།འབྲུ་རིགས་འདེབས་པ་ལས་ཕན་ཐོགས་ཆེ་བ་རེད།ད་ལོར་ངེད་ཚང་གིས་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱེད་ཁྱོན་ལྡབ་གཅིག་ཙམ་རྒྱ་སྐྱེད་བཏང་ཡོད།གྲོང་མི་ཚོའི་ཧུར་ཐག་རང་བཞིན་ཧ་ཅང་མཐོ་ངེས་ཡིན་པས། ད་ལོར་སྨན་རྩི་ཤིང་མ་ཁ་འདེབས་ཁྱོན་མུའུ་2000ལ་སླེབས་ཐུབ་རྒྱུ་རེད།
       ཁུལ་ཡོངས་ཀྱི་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱེད་སའི་ལྟེ་གནས་སུ་བྱས་ནས།ན་ ནིང་ལོར་རྫོང་དེས་ཁྲིད་སྟོན་ཧུར་ཐག་བྱས་པར་མ་ཟད།འབའ་ཐང་རྫོང་གི་སྔོ་ལྗང་ཅན་གྱི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ལ་རོགས་སྐྱོར་བྱས་པ་དང་།རྫོང་རྩ་ཤང་དུ་དམིགས་ཚད་མཐོ་བའི་རྒྱ་སྨན་སྨན་རྫས་རྩ་ཆེན་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱེད་སའི་རྟེན་གཞི་མུའུ་1000འཛུགས་སྐྲུན་གྲུབ་ནས།ཀུང་སི་དང་ཞིང་པའི་དུད་ཚང་གཉིས་ཀར་གཉིས་ཁེ་གཉིས་ཕན་བྱུང་བ་རེད།སྨན་རྩི་ཤིང་མ་ཁ་ཐོན་ལས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད།རྫོང་དེས་ཚོང་ཟོག་མངག་ཐོ་འགོད་པའི་ཞིང་ལས་ཁྱབ་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ཁེ་ལས་དང་མཉམ་ལས་ཁང་གཉིས་ཀྱིས་མཉམ་དུ་ཚོང་ གཉེར་བྱེད་པའི་བྱེད་སྟངས་སྤྱད་ནས།རྫོང་རྩ་ཤང་གཙོས་པའི་འདེབས་འཛུགས་བྱེད་པར་འཕྲོད་པའི་ས་ཁུལ་དུ་ཤུགས་ཆེན་པོས་སྨན་རྩི་ཤིང་མ་ཁ་འདེབས་འཛུགས་བྱ་རྒྱུ་ཁྱབ་སྤེལ་བཏང་བར་མ་ཟད།བྱ་ཁྱུང་གྲོང་རྡལ་གྱི་རྒྱ་སྤང་སྟེང་གྲོང་སྡེ་རུ་ཁུལ་ཡོངས་ཀྱི་སྨན་རྩི་ཤིང་མ་ཁ་སོན་སྨྱུག་གསོ་སའི་རྟེན་གཞི་འཛུགས་སྐྲུན་བྱས་ནས་འདེབས་འཛུགས་བྱེད་མཁན་ཞིང་པའི་དུད་ཚང་གི་ཡོང་འབབ་འཕར་སྣོན་ཐུབ་པ་དང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1