བྲག་འགོ་རྫོང་གིས་སྦྲུམ་མར་རིན་མེད་སྒོས་ཞག་སྡོད་སྨན་བཅོས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ེངེད་དྲ་བ། སྤེལ་དུས། 02-10


        ཉེ་ལམ་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བྲག་འགོ་རྫོང་གིས་རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་གྱི་མུ་འབྲེལ་གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཟླ་དགུ་བ་ནས་བཟུང་རྫོང་ནང་ཁུལ་དུ་ཞིང་གྲོང་གི་སྦྲུམ་མར་རིན་མེད་སྒོས་ཞག་སྡོད་སྨན་བཅོས་བྱེད་པའི་སྲིད་ཇུས་ལག་བསྟར་བྱས། 
        རྒྱུས་ལོན་བྱུང་བ་ལྟར་ན། བྲག་འགོ་རྫོང་གི་རྒྱལ་ཁབ་ཀྱི་བུ་བཙའི་སྲིད་ཇུས་དང་མཐུན་པའི་ཞིང་གྲོང་གི་སྦྲུམ་མར་རྫོང་ནང་ཁུལ་གྱི་སྨན་བཅོས་སྡེ་ཁག་ཏུ་ཞག་སྡོད་སྨན་བཅོས་བྱས་ན་འགྲོ་སོང་གང་ཡང་གཏོང་མི་དགོས་ཤིང་ཚོད་འཛིན་གྱི་ཚད་གཞི་ལས་བརྒལ་ཚེ་རྫོང་ནོར་སྲིད་ཀྱིས་གཅིག་སྡུད་ཀྱིས་ཐག་གཅོད་བྱ་རྒྱུ་རེད། མིག་སྔའི་བར། བྲག་འགོ་རྫོང་གི་སྦྲུམ་མ་16ལ་རིན་མེད་སྨན་བཅོས་བྱས་ཤིང་ཁྱོན་བསྡོམས་སྒོར་ཁྲི་4.59ཡིས་རོགས་གསབ་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1