ལི་ཐང་རྫོང་གིས་སྤྱི་ཚོགས་མ་དངུལ་ཁྲི་1200བསྡུ་གྲབས་བྱས་ནས་དབུལ་སྐྱོར་ལ་རོགས་འདེགས་བྱས།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22


        ཉེ་ལམ། གསར་འགོད་པས་ལི་ཐང་རྫོང་དབུལ་སྐྱོར་དང་གནས་སྤོ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར།  ལི་ཐང་རྫོང་གིས་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྤྱི་ཚོགས་སྟོབསས་ཤུགས་ལ་བརྟེན་ནས། སྤྱི་ཚོགས་མ་དངུལ་ཁྲི་1200བསྡུ་གྲབས་བྱས་ནས་དབུལ་སྐྱོར་ལ་རོགས་འདེགས་བྱས་པ་དང་དབུལ་སེལ་འགག་སྒྲོལ་ལ་སྐུལ་འདེད་བཏང་། 
        རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས་བཟུང་། ལི་ཐང་རྫོང་གིས“ཏང་ཨུ་ཡིས་གཙོ་འགན། སྲིད་གཞུང་གིས་གཙོ་འཛིན། ལས་བྱེད་པས་རོགས་སྒྲུབ། གཞི་རིམ་གྱི་སྐུལ་འདེད། སྤྱི་ཚོགས་ཀྱིས་རོགས་སྐྱོར”གྱི་འགན་འཁྲིའི་མ་ལག་ལ་བརྒྱུད་ནས། སྤྱི་ཚོགས་ཀྱི་རིགས་ཚོགས་ཆེན་པོ་བཞི“ཁྱིམ་ཚང་གི་མི། གཅེས་སེམས་ལྡན་པའི་མི། འགན་ཁུར་མི་སྣ། གཞུང་སྒྲུབ་མི་སྣ”ཡི་སྤྲོ་སེམས་བསྐྱེད་པར་མ་ཟད། ཟབ་ཞུགས་བྱེད་མཁན་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོས་དབུལ་སྐྱོར་སྟོབས་ཤུགས་ལ་སྐུལ་མ་དང་སྤྱི་ཚོགས་དབུལ་སྐྱོར་གྱི་མི་མངོན་པའི་ནུས་ཤུགས་ལ་སྐུལ་སློང་བྱས་ནས་སྣ་མང་དང་ཕྱོགས་ཡོངས་ཀྱི་དབུལ་སྐྱོར་རྣམ་པ་ཞིག་གྲུབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1