ཉག་ཆུ་རྫོང་གིས་བྱེད་ཐབས་བཞི་སྤྱད་དེ་ཡུལ་སྐོར་སྤྱི་ཡོངས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

འབྲུག་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-24


        ཉེ་ལམ། ཉག་ཆུ་རྫོང་གིས་“བྱེད་ཐབས་བཞི”ལག་བསྟར་བྱས་ནས་ཡུལ་སྐོར་སྤྱི་ཡོངས་ཅན་གྱི་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་། ཆེས་ཐོག་མར་སྤྱི་ཡོངས་ཡུལ་སྐོར་ལག་བསྟར་དང་ཚོད་ལྟ། དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྐོར་ལམ་ལྟེ་བའི་ས་ཚུགས་བསྐྲུན།  དེ་མིན་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་ཐོན་ལས་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཡུལ་སྐོར་སོགས་ཡུལ་སྐོར་དང་འབྲེལ་བའི་ལས་གཞི་དང་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ། གྲོང་གསེབ་ཀྱི་སྐར་རིམ་མགྲོན་ཁང་དང་སྡེ་མིའི་སྣེ་ལེན་དཔེ་སྟོན་དུད་ཁྱིམ་གྱི་འཛུགས་སྐྲུན་དམ་འཛིན་བྱས་སྟེ།  ཡུལ་སྐོར་ས་གནས་གྱི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་པ་དང་མི་ཉག་རིག་གནས་དང་ཁམས་པའི་རིག་གནས་སོགས་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བར་མ་ཟད། ལོ་འདིའི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་15སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཡོངས་འབབ་དངམས་སྒོར་ཁྲི་7500ཡོང་བ་ལ་བརྩོན་ལེན་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1