འགྱུར་ཁུགས་ལ་བརྒྱུས་པའི་སྨོན་འདུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28


      

        སྤྱི་ཟླ་2པའི་ཚེས་27ཉིན། དར་མདོ་ས་ཁུལ་གྱི་2017ལོའི་གནམ་ལོ་གསར་པ་བསུ་པའི་རིག་རྩལ་སྤྲོ་ཚོགས་དར་མདོ་མཛའ་གཞས་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་སྤྲོ་ཚོགས་ནི་དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་གླུ་གར་ཚོགས་པ། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་འགན་སྒྲུབ་གནང་པ་རེད། 

        སྤྲོ་ཚོགས་སྟེང་ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་དང་རྡུང་ལེན། སྐོར་བྲོ། འབའ་གཞས་སོགས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་རྒྱ་ཆེའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1