དཀར་མཛེས་རྫོང་གིས་ལོ་སར་སྐབས་རྟ་རྒྱུག་གི་བྱེད་སྒོ་སྤེལ་བ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-02


      

         ཉེ་ཆར། དཀར་མཛེས་ཁུལ་རྫོང་ཡོངས་ཀྱིས་གླུ་གར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་གནམ་ལོ་གསར་པ་བསུས། ཚེས་གསུམ་ཉིན་དཀར་མཛེས་རྫོང་རོང་པ་ཚས་རྟ་རྒྱུག་བྱེད་སྒོ་སྤེལ།  ས་ཁུལ་དེའི་ཡུལ་ཤོག་དང་གྲོང་རྡལ་དྲུག་གི་རྟ་པ་160འགྲན་བསྡུར་ནང་ཞུགས་ཤིང་།  ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྟད་མོ་བ་ཁྲི་ལྷག་རྟ་རྒྱུག་བྱེད་སྒོར་ཞུགས།

        འགྲན་བསྡུར་གྱི་ལམ་ཐག་གི་རིང་ཚད་ལ་སྟོང་སྨི་12ཡི་ལམ་ཐག་དང་སྟོང་སྨི་1ཡི་ལམ་ཐག་བཅས་རིགས་གཉིས་ཡོད་པ་རེད། འགྲན་ཞུགས་རྟ་པ་རྣམས་ཀྱི་རྟ་རྩལ་གྱིས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་ཏུ་འཕྲོག
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1