དར་མདོ་གྲོང་ཁྱེར་གྱི་2017ལོའི་སློབ་གསོ་དབུལ་སྐྱོར་གྱི་ལས་ཀ་ཁྱོན་ཡོངས་ནས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-03


        ཉེ་ལམ། གསར་འགོད་པས་དར་མདོ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཟླ་9བར་དར་མདོ་གྲོང་ཁྱེར་དུ་སློབ་གསོའི་དབུལ་སྐྱོར་ཐེབས་རྩ་གསར་དུ་བཙུགས། གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་རྨང་གཞིའི་མ་དངུལ་སྒོར་ཁྲི་100བཀོད་སྒྲིག་བྱས་ཤིང་དངོས་ཡུལ་གནས་ཚུལ་ལྟར་ལོ་རེར་བཞིན་ཁ་གསབ་བྱ་རྒྱུ་རེད། ཐེབས་རྩ་འདིའི་རོགས་སྐྱོར་བྱ་ཡུལ་ནི་དར་མདོ་གྲོང་ཁྱེར་གྱི་ཐེམ་ཐོ་ཅུས་ཀྱིས་དངོས་སུ་ཐོ་འགོད་བྱས་པའི་སློབ་ཐོ་ཡོད་པའི་སློབ་གྲྭའི་ཁྱིམ་ཚང་དབུལ་ཕོངས་ཡིན་པའི་སློབ་མ་དག་ཡིན་ཞིང་། ཐོག་མར་མདོ་གྲོང་གྲོང་རྡལ་ནས་ཚོད་ལྟའི་ལས་ཀ་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1