ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གི་གནམ་ཐང་འབབ་ཚུགས་གསར་པ་སྤྱོད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 03-08


        སྤྱི་ཟླ3པའི་ཚེས6ཉིན་གྱི་སྔ་དྲོར།  ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གི་གནམ་ཐང་འབབ་ཚུགས་གསར་པ་སྤྱོད་འགོ་ཚུགས་པ་དང་།  དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་བེད་སྤྱོད་བྱེད་པའི་གནམ་ཐང་འབབ་ཚུགས་དྲུག་པ་དེ་ཡིན་ལ་དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཨང་གཉིས་པ་ཡིན་པའི་གནམ་ཐང་འབབ་ཚུགས་ཤིག་ཀྱང་རེད། 
        དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཝེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  གནམ་ཐང་འབབ་ཚུགས་གསར་པ་དེ་བེད་སྤྱོད་བྱས་རྗེས་ཉིང་ཁྲི་གནམ་གྲུ་འབབ་ཐང་གིས་ད་ལོའི་ནང་ཚུན་དུ་ཤི་ཨན་དབར་གྱི་འགྲོ་འོང་མཁའ་ལམ་གཏོད་རྒྱུ་དང་།  པེ་ཅིང་དབར་གྱི་ཐད་འཕུར་མཁའ་ལམ་སླར་གསོ་བྱེད་རྒྱུ་ཡིན་པར་མ་ཟད་ད་ཡོད་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ལན་གྲངས་མང་དུ་གཏང་རྩིས་ཡོད།  སླད་ཕྱིན་གྱི་ལོ་ཤས་ནང་གཙོ་གནད་ཐོག་ཧྲང་ཧའེ་དང་ཧང་ཀྲོའུ།  ཤ་མན་སོགས་གྲོང་ཁྱེར་དབར་གྱི་ཐད་འཕུར་མཁའ་ལམ་གཏོད་དེ་ཉིང་ཁྲི་དེ་ཉིད་བོད་ཀྱི་མཁའ་ཐོག་བགྲོད་ལམ་ཨང་གཉིས་པར་གཏོད་རྩིས་ཡོད།  དེང་སྐབས་སྨན་གླིང་གནམ་གྲུ་ཐང་གིས་ལྷ་ས་དང་ཀོང་ཀྲོའུ།  ཁུན་མིང་།  ཁྲེན་ཏུའུ།  ཁྲུང་ཆིང་།  ཧྲེན་ཀྲེན་བཅས་དབར་གྱི་འགྲོ་འོང་མཁའ་ལམ་གཏོད་ཟིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1