དཀར་མཛེས་ཁུལ་གྱིས་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་གདན་ཞུའི་ཚོགས་འདུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-09





    སྤྱི་ཟླ་3པའི་ཚེས་7ཉིན། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ལས་ཞུགས་ཅུས་ཀྱིས་གཙོ་སྒྲིག་གནང་པའི་2017ལོའི་དཀར་མཛེས་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་གདན་ཞུའི་ཚོགས་འདུ་ལྕགས་ཟམ་ཐང་ཆེན་དུ་འཚོགས།  ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུར་ཡུལ་དངོས་སུ་བློ་འདྲི་ཡོང་མཁན་གྱི་མི་གྲངས་5865དང་མིང་ཐོ་འགོད་མཁན་གྱི་མི་གྲངས་4959ཡོད་པ་དང་། གྲོས་མཐུན་བྱུང་མཁན་གྱི་མི་གྲངས་1852ཟིན། སི་ཁྲོན་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོང་ཞོ་ཏུང་དང་དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲོའོ་པུའུ་བཅས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  

 

        ཧོང་ཞོ་ཏུང་གིས་ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུ་ནི་དཀར་མཛེས་ཁུལ་གྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་པའི་ལས་བསྡུའི་འདུ་ཚོགས་ཤིག་ཡིན།  འདི་ནི་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ལས་ཞུགས་དབུལ་སྐྱོར་དང་ངལ་རྩོལ་ནུས་ཤུགས་ལ་སྐུལ་འདེད་གཏོང་པའི་བྱ་ཐབས་གལ་ཆེ་ཞིག་ཡིན་ལ། ལྷག་པར་དུ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཤར་ནུབ་ས་ཁུལ་གཉིས་ཀྱི་ཁ་གཏད་རོགས་སྐྱོར་དང་ངལ་རྩོལ་མཐུན་སྦྱོར་ལག་བསྟར་བཏང་བའི་བྱེ་བྲག་གི་བྱེད་ཐབས་ཡིན་ཞེས་བསྟན།

        ཀྲོའོ་པུའུ་ཡིས་ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་བཅས་ཀྱིས་རང་ཁུལ་གྱི་དབུལ་སེལ་འགག་སྒྲོལ་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དོན་ཁུར་དང་རྒྱབ་སྐྱོར་བྱས་པ་ཡིན་ལ།   འདི་ནི་ཀྲུའུ་ཧེ་གྲོང་ཁྱེར་དང་ཏེ་དབྱང་གྲོང་ཁྱེར་གྱིས་རྒྱལ་ཁབ་གྱི་ནུར་ཤར་དབུལ་སྐྱོར་འཐབ་ཇུས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་པའང་རེད།  རང་ཁུལ་གྱིས་གཅིག་འགྱུར་སྒོས་འཕེལ་རྒྱས་དང་དམངས་འཚོ། བརྟན་   བརླིང་བཅས་དོན་ཆེན་གསུམ་ལ་སྐུལ་འདེད་གཏོང་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞེས་བསྟན། 


        ཤེས་རྟོགས་བྱུང་པ་ལྟར་ན།  ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུའི་སྟེང་ལས་ཞུགས་གྱི་ལས་གནས་3445མཁོ་འདོན་བྱས་ཡོད་དེ། ཨར་ལས་དང་གློག་རྡུལ་ཆ་འཕྲིན། མགྲོན་ཁང་བཟའ་བཏུང་སོགས་དང་འབྲེལ་པའི་ལས་གནས་འདུས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1