ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཛམ་གླིང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་དང་འབྲེལ་ཡོད་ཡིག་ཆ་འགྲེམ་སྟོན་མཛད་སྒོ་པེ་ཅིང་དུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-10


        སྤྱི་ཟླ་3ཚེས་9ཉིན།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཛམ་གླིང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་དང་འབྲེལ་ཡོད་ཡིག་ཆ་འགྲེམ་སྟོན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་ལིས་ཁྲང་ཕིན(བོད་རིགས)། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་སྒྲིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཞའོ་ཏུང་། མི་རིགས་རིག་གནས་ཕོ་བྲང་གི་ཀྲུའུ་རེན་བཀྭན་ཡོས་ཀོས། ཀྲུའུ་རེན་གཞོན་པ་ཀྲུང་ཞིན་ཁུའེ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། མཛད་སྒོ་ལ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་འགོ་གཙོ་ཝུའུ་ཀུའེ་པོའོ་ཡིས་འགོ་འཛིན་གནང་། 

       ཐེངས་འདིའི་འགྲེམ་སྟོན་དུ་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྣམ་པ་ངོ་མ་དང་རིག་གནས་ཀྱི་ཁྱད་ཉམས་འགྲེམས་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་དགོངས་དོན་དོན་འཁྱོལ་དང་། མི་རིགས་རིག་གནས་ཀྱི་ཁྲག་རྒྱུན་ཆད་མེད་སྤེལ་བ། མིའི་རིགས་ཀྱི་ཤེས་དཔལ་སྣ་ཚོགས་མཉམ་འདྲེས་ལ་སྐུལ་འདེད། ཕན་ཚུན་ལ་སློབ་སྦྱོང་བྱེད་པར་དམིགས་པ་རེད། འགྲེམས་སྟོན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་སྒྲིག་ཞིབ་འཇུག་ཁང་དང་མི་རིགས་རིག་གནས་ཕོ་བྲང་། ཀྲུང་གུང་པེ་ཅིན་གྲོང་ཁྱེར་མཁར་ནུབ་ཁུལ་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་གནང་བ་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དང་མི་རིགས་རིག་གནས་ཕོ་བྲང་གི་བཤམས་སྟོན་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་རེད།

        གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན། མི་རིགས་སོ་སོས་ཀྲུང་ཧྭའི་རིག་གནས་སྤེལ་རེས་དང་འཕེལ་རྒྱས་ལ་ཐུན་མིན་གྱིས་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རྒྱལ་ཁབ་ཀྱིས་ཐུན་མིན་ལ་བརྩི་འཇོག་དང་རིགས་མང་ཀུན་སྐྱོང་། བརྗེ་རེས་ལ་སྐུལ་འདེད། ཐུན་མོང་སྒོས་འཕེལ་རྒྱས་འགྲོ་བའི་དགོས་མཁོར་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་ལ་ཧུར་ཐག་ཆེན་པོ་བྱས། 2016ལོའི་ལོ་མཇུག་བར་ཏུ། ཀྲུང་གོའི་རྣམ་གྲངས་རིགས་ཁག་39མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོར་ཚུད་ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་དང་འབྲེལ་བའི་རྣམ་གྲངས་ཁག་14ཡོད།

        མངོན་མིན་ཤུལ་བཞག་རིག་གནས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་དང་། མངོན་མིན་ཤུལ་བཞག་རིག་གནས་དེ་མི་རིགས་ཤིག་གི་རིག་གནས་དང་སྙིང་སྟོབས་རྒྱུན་འཛིན་ལ་འབྲེལ་བ་དམ་པོ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་སྟེ། ཚད་ངེས་ཅན་ཞིག་ནས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་སྡོད་སྐྱེ་འཕེལ་ལོ་རྒྱུས་དང་སྙིང་སྟོབས་འདུས་ཡོད། རང་རྒྱལ་གྱིས་སྔར་ནས་བཟུང་མངོན་མིན་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ། དར་སྤེལ་སོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད། རང་རྒྱལ་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་དྲིལ་བསྒྲགས་ལེགས་པོ་བསྒྲུབ་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་དང་།  ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས། མཐུན་སྦྱོར། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་གལ་ཆེའི་དོན་སྙིང་ལྡན། 
        ཐེངས་འདིའི་འགྲེམས་སྟོན་སྟེང་ཡུ་གུར་རིགས་ཀྱི་མུའུ་ཁ་མུའུ་སྒྱུ་རྩལ་དང་སོག་རིགས་ཀྱི་དམངས་གླུ། རེབ་གོང་སྒྱུ་རྩལ། ཧ་སག་རིགས་ཀྱི་མ་ན་སི་སོགས་འཛམ་གླིང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སུ་ཚུད་པའི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་14གཙོར་བྱས་ནས།  པར་རིས་20ལྷག་དང་དཔེ་དེབ་300ལྷག  གཞན་ཡང་བརྙན་གཟུགས་རྒྱུ་ཆ་ཁག་འགྲེམས་སྟོན་བྱས་ཏེ། རྒྱལ་ཆེའི་ལྟད་མོ་བར་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཛེས་དཔལ་ཡོངས་སུ་ངོམ་ཡོད།
       ཐེངས་འདིའི་འགྲེམ་སྟོན་2017ལོའི་ཟླ་4པའི་ཚེས་25བར། རིན་མེད་པར་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1